མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མར་ཐའི་ཙུང་ཐུང་ཝུའེ་ལཱ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་12ཉིན། 09:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་1ཚེས་10ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མར་ཐའི་ཙུང་ཐུང་ཝུའེ་ལཱ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕན་ཚུན་ལོ་གསར་གྱི་འཚམས་འདྲི་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་མར་རྒྱལ་ཁབ་གཉིས་ནི་དུས་ཚོད་ཀྱི་ཚོད་བགམ་ཐེག་པའི་གྲོགས་པོ་རྙིང་པ་དང་གྲོགས་པོ་བཟང་པོ་ཡིན། དུས་རབས་ཕྱེད་ཀའི་གོང་དུ། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་པ་ཚོས་གཟིགས་རྒྱང་རིང་པོས་ཀྲུང་མར་དབར་མཛའ་གྲོགས་འབྲེལ་བ་ཐུན་མོང་ཐོག་བཙུགས་ཡོད་ཅེས་བསྟན་ཞིང་། ཁོང་གིས་ཀྲུང་མར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་དུས་ཚོད་འཆར་ཉེར་ཡོད། ཀྲུང་གོ་ཕྱོགས་ཀྱིས་མར་ཐ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་མར་དབར་གྱི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་མུ་མཐུད་ཕན་ཚུན་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས་ཕན་ཚུན་དོ་ཁུར་བྱེད་པའི་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་ཚོང་དོན་མ་འཇོག་དང་། སྨན་བཅོས་འཕྲོད་བསྟེན། ནུས་རྒྱུ་གཙང་མ། འགྲིམ་འགྲུལ་ཟོག་འགྲེམས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། རིག་གནས་སྤེལ་རེས་དང་ཀྲུང་ལུགས་གསོ་རིག་ཐད་ཀྱི་མཉམ་ལས་ཟབ་ཏུ་དང་སློབ་གསོ་དང་། གཞོན་ནུ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་རྒྱ་ཆེར་བཏང་ནས་ཀྲུང་མར་དབར་གྱི་མཛའ་གྲོགས་ཀྱི་སྟོབས་ཤུགས་གསར་པ་དེ་བས་མང་པོ་གསོ་སྐྱོང་བྱེད་དགོས། མར་ཐ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་མར་ཐ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་ཁ་ཕྱོགས་ཆེན་པོར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཝུའེ་ལཱ་ཡིས་མར་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ། ཀྲུའུ་ཞི་སྐུ་ཞབས་ཁྱེད་དང་ཞལ་པར་ཐོག་ནས་བཀའ་མོལ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་ཀྱིས་མར་ཀྲུང་འབྲེལ་བར་གདེང་འཇོག་ཆེན་པོ་དང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ་བསམ་འཆར་བཏོན་གནང་བར་ང་རྦད་དེ་མོས་མཐུན་ཡོད། མར་ཐ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་ཐོབ་པའི་རྩ་ཆེའི་གོ་སྐབས་ལ་གཅེས་སྤྲས་བྱས་ནས་ཀྲུང་གོ་ཕྱོགས་དང་འབྲེལ་ཡོད་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད། མར་ཀྲུང་འབྲེལ་བ་དེ་འབྱུང་འགྱུར་ལོ་50ཡི་ནང་འཕེལ་རྒྱས་དེ་བས་ཡག་པོ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་རྒྱུའི་རེ་བ་ཡོད། མར་ཐ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་རྒྱུ་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། མར་ཐ་ཕྱོགས་ཀྱིས་ཡོ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་རིམས་འགོག་སྨན་ཁབ་རོགས་སྐྱོར་གནང་བ་དང་གོ་ལ་ཧྲིལ་པོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ལེགས་སྐྱེས་ཧུར་ཐག་ཕུལ་བར་མར་ཐ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་ཀྱང་བྱེད་བཞིན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"