མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ལ་གློག་འཕྲིན་བཏང་གནང་སྟེ། ཙུང་ཐུང་ཏུའུ་ཏཱ་ལ་ཏོག་གསར་ནད་དུག་འགོས་པར་འཚམས་འདྲི་གནང་བ་རེད།
   ཞི་ཅིན་ཕིང་གིས་ཁྱེད་ལ་ཏོག་གསར་ནད་དུག་འགོས་པ་གོ་ཐོས་བྱུང་། ངས་ཁྱེད་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཁྱེད་སྔ་ཙམ་ནད་གཞི་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་མ་ཟད། ཕོ་ལན་མི་དམངས་ཀྱིས་རིམས་ནད་ལས་མགྱོགས་ནས་མྱུར་དུ་རྣམ་པར་རྒྱལ་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་ཐོན་པ་ནས་བཟུང་། ཀྲུང་ཕོ་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱས་ཁར། ལག་གདང་སྦྲེལ་ཏེ་རིམས་ནད་འགོག་རྒོལ་བྱས་པས་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་ཕྱིན་ཡོད། ངས་ཀྲུང་ཕོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་ཕོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"