མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་གནང་ནས། 《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ ལེན་མ་ཟིན)》ལ་གྲོས་བསྡུར་གནང་བ། ཧན་ཀྲེང་སོགས་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་22ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་གནང་བ་དང་འབྲེལ《སྲིད་གཞུང་གི་ལས་དོན་སྙན་སྒྲོན(བསམ་འཆར་བསྡུ་ལེན་མ་ཟིན)》ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པར་བསམ་འཆར་བསྡུ་ལེན་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་དང་སྦྲགས། དུས་ཚིགས་དང་པོའི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
     ལི་ཁེ་ཆང་གིས་གསུངས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་ལས་དོན་སྙན་སྒྲོན་ཞུ་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་ཞུ་བ་ནི་རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་འགན་འཁྲི་གལ་ཆེན་ཞིག་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་འཆར་ཟིན་ཡག་པོ་འགོད་པ་དང་། དམངས་ཀྱི་བསམ་འཆར་ཉན་པ། མི་དམངས་མང་ཚོགས་དང་། ཁྲོམ་རའི་བྱེད་པོ། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་དོ་ཁུར་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལན་རྒྱག་པ་བཅས་བྱས་ཚེ། ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་། བྱ་ཐབས་མང་ཙམ་འདོན་པ། གདེང་ཚོད་འཕེལ་བ་བཅས་ལ་ཕན་པ་དང་འདི་ལོའི་སྲིད་གཞུང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད།
     ལི་ཁེ་ཆང་གིས་བསྟན་གནང་དོན། འདས་ཟིན་པའི་ལོ་གཅིག་རིང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་རྙོག་འཛིང་ཆེ་ལ་ཛ་དྲག་ཆེ་བ་དང་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་འགག་སྒྲོལ་དཀའ་སེལ་ཁྲོད་གྲུབ་འབྲས་གསར་པ་རབ་དང་རིམ་པ་ཐོབ་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་སྤྱི་འདོམས་བྱེད་པ་དང་། གཞི་ཆེའི་སྲིད་ཇུས་གསར་གཏོད་དང་ལག་བསྟར་བྱེད་པར་བརྟེན་ནས་ཁེ་ལས་ཀྱི་དཀའ་སེལ་གསོན་ཤུགས་འཕེལ་བར་བྱེད་པ། རང་བྱུང་གནོད་འཚེ་སོགས་ཀྱི་རྡབ་རྡེག་དང་དཔལ་འབྱོར་འཁོར་སྐྱོད་ཐད་ཀྱི་མངོན་གསལ་དོད་པའི་འགལ་བ་ནུས་ལྡན་ངང་སེལ་བ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་བྱེད་པ། ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་དེ་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་མདུན་གྲལ་དུ་སླེབས་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཕྱོགས་སུ་སྤེལ་བ། ལས་ཞུགས་དང་ཟོག་གོང་བརྟན་པོ་ཡོང་བ་བྱེད་པ། དམངས་འཚོ་འགན་ལེན་ལ་ཕན་འབྲས་གསར་པ་ཐོབ་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ལེགས་གྲུབ་ཡག་པོ་བྱུང་བ།“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་ཐུབ་པ་བཅས་བྱུང་བས་གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན། ཡིད་ཆེས་བརྟན་དུ་གཏོང་བ་དང་དུས་མཚུངས་གནས་པའི་མི་འདང་ས་དང་འཕྲད་པའི་འགྲན་སློང་ལ་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱེད་དགོས།
     ལི་ཁེ་ཆང་གིས་གསུངས་དོན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་ཆག་པའི་གནོན་ཤུགས་གསར་པ་འཕྲད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ཡོད། དེར་བརྟེན་དཀའ་ངལ་ཁྱད་བསད་དང་བརྟན་པོ་གཙོ་བོར་འཛིན་ནས་བརྟན་པོའི་ངང་འཕར་བ་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་དང་བརྡར་ཤ་གཅོད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་དང་ས་གནས་གཉིས་ཀྱི་ཧུར་བརྩོན་རང་བཞིན་སྔར་བས་འདོན་སྤེལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། དུས་འཁོར་ལས་བརྒལ་བའི་སྙོམ་སྒྲིག་ལ་ཤུགས་སྣོན་རྒྱག་པ། གཞི་ཆེའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་མངོན་གསལ་དོད་པོ་གཏོང་བ། ཕན་ནུས་ལྡན་པའི་དགོས་མཁོ་ཆེ་རུ་གཏོང་བ་དང་། མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་སྔོན་དཔག་གི་བྱ་ཐབས་དངོས་བརྟན་པོ་ཡོང་བ་བཅས་ལ་ཕན་པའི་ཐབས་ཇུས་དངོས་སྔར་ལས་མང་བ་འདོན་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། ཉེན་ཁ་འགོག་སེལ་ནུས་ལྡན་བྱེད་པ། གཞི་ཆེའི་དཔལ་འབྱོར་གྱི་གཞི་གདན་ཆེན་པོ་བརྟན་པོ་ཡོང་བར་བྱེད་པ། ལས་ཞུགས་གང་ལེགས་ཐུབ་པ་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱེད་དགོས།
     ལི་ཁེ་ཆང་གིས་ནན་བཤད་གནང་དོན། དུས་ཚིགས་དང་པོའི་ལས་དོན་ཡག་པོ་བསྒྲུབས་ཏེ་ལོ་ཧྲིལ་པོའི་འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་བཀོད་སྒྲིག་སྔ་ཙམ་བྱེད་པ། ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་དཀའ་ངལ་ལ་དམིགས་ནས་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བ་དང་ལས་ཞུགས་བསྡུ་མང་བའི་དམིགས་བསལ་དཀའ་ངལ་ཆེ་བའི་ལས་རིགས་ལ་ཕྱོགས་ཏེ་གཟིགས་སྐྱོང་དང་རྒྱབ་སྐྱོར་སྲིད་ཇུས་བཏོན་ནས་ལག་བསྟར་བྱེད་པ། ལས་གྲྭ་གལ་ཆེན་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ། ཕན་ནུས་ལྡན་པའི་དགོས་མཁོ་དང་ལས་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ། རྡོ་སོལ་དང་། གློག སྣུམ་རླངས་བཅས་ཀྱི་ཁྲོམ་ར་སྙོམ་སྒྲིག་དང་སྐྱེལ་འདྲེན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔྱིད་གསར་སྐྱེལ་འདྲེན་བཀོད་གཏོང་། དུས་ཆེན་དང་བྱེད་སྒོ་སོགས་སྤྱི་འདོམས་བྱས་ནས་དཔྱིད་གསར་དུས་ཆེན་རིང་འབྲུ་སྣུམ་དང་། ཤ་ཚལ་སྒོང་གསུམ། འོ་མ་དང་ཤིང་འབྲས་སོགས་དམངས་འཚོའི་ཚོང་ཟོག་གཙོ་བོ་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན། གནོད་འཚེ་ཕོག་པའི་མང་ཚོགས་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་གཞི་རྩའི་འཚོ་བ་འགན་ལེན། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བཅས་བྱས་ཏེ་སྤྱི་ཚོགས་དུས་བདེ་འཆམ་མཐུན་ཡོང་བ་བྱེད་དགོས།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་དང་། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧོ་བཅས་དང་རྒྱལ་དོན་ཨུ་ཡོན་ཝུའེ་ཕུང་ཧོ་དང་། ཝང་ཡུང་། ཤའོ་ཅེ། ཀྲའོ་ཁེ་ཀྲི་སོགས་ཚོགས་འདུར་ཞུགས་པ་རེད།

  
style="display:none;"