མི་དམངས་དྲ་བ།

༄༅།།ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་
མཛད་སྒོ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་23ཉིན། 11:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ཟླ་1ཚེས་21ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ལ་བཀའ་བཀོད་ལག་ཁྱེར་གནང་བ་རེད། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ནམ་ཉེན་རྟོག་དཔོན་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

འདི་ནི་ཟླ་1ཚེས་21ཉིན། ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ལ་བཀའ་བཀོད་ལག་ཁྱེར་གནང་བ་རེད། འདི་ནི་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་ནམ་ཉེན་རྟོག་དཔོན་དང་ལྷན་བཞུགས་སྐུ་པར་བསྐྱོན་བཞིན་པ།

  ཀྲུང་དབྱང་དམག་ཨུད་ཀྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་འཚོགས་པ། ཞི་ཅིན་ཕིང་གིས་བཀའ་བཀོད་ལག་ཁྱེར་གནང་བ་དང་འབྲེལ་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ལ་རྟེན་འབྲེལ་ཞུས་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཀྲུང་དབྱང་དམག་ཨུད་ཀྱི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་མཛད་སྒོ་པེ་ཅིང་བརྒྱད་གཅིག་ཐོག་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ལ་བཀའ་བཀོད་ལག་ཁྱེར་གནང་བ་རེད།
     ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ། བརྗིད་ཉམས་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་གོ་རྟགས་སྤོར་བའི་མཛད་སྒོ་འགོ་ཚུགས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེང་གིས་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་རྟགས་བཀོད་པའི་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་སྤོར་བའི་བཀའ་རྒྱ་སྒྲོག་སྦྱངས་གནང་བ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཡིས་གོ་རྟགས་སྤོར་བའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ད་ཐེངས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་ནི། བྱང་རྒྱུད་འཐབ་ཁུལ་གི་ཆབ་སྲིད་ཨུ་ཡོན་ལིའུ་ཆིང་སུང་དང་། དབུས་རྒྱུད་འཐབ་ཁུལ་གྱི་སི་ལིན་ཡོན་ཝུའུ་ཡ་ནན། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) དབུས་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཞུས་ཏེ་ཆིང་། སྐམ་དམག་གི་ཆབ་སྲིད་ཨུ་ཡོན་ཆིན་ཧྲུའུ་ཐུང་། མཚོ་དམག་གི་ཆབ་སྲིད་ཨུ་ཡོན་ཡོན་ཧྭ་ཀྲི མེ་ཤུགས་འཕུར་མདའ་དམག་གི་སི་ལིང་ཡོན་ལི་ཡུས་ཁྲའོ། དྲག་ཆས་ཉེན་རྟོག་དམག་དཔུང་གི་ཆབ་སྲིད་ཨུ་ཡོན་ཀྲང་ཧུང་པིན་བཅས་རེད།
     ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་བདུན་པོ་སྒམ་བརླིང་དང་བློ་སྤོབས་ཆེན་པོས་ཀྲུའུ་ཞི་སྡིངས་ཆའི་མདུན་དུ་ཡོང་བ་རེད། ཞི་ཅིན་ཕིང་གིས་ཁོང་ཚོར་བཀའ་བཀོད་ལག་ཁྱེར་གནང་བ་དང་སྦྲགས། རྟེན་འབྲེལ་ཡང་ཞུས་གནང་བ་རེད། ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་ཀྱི་དཔུང་རྟགས་བཏགས་པའི་དམག་དཔོན་དང་ཉེན་རྟོག་དཔོན་7གྱིས་ཞི་ཅིན་ཕིང་ལ་གུས་འདུད་ཞུས་པ་དང་། མཛད་སྒོར་ཞུགས་པའི་བློ་མཐུན་ཡོངས་ལ་གུས་འདུད་ཞུས་པས། ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།
     སྐད་གསང་མཐོན་པོའི་དམག་གླུའི་ཁྲོད་གོ་རྟགས་སྤོར་བའི་མཛད་སྒོ་མཇུག་འགྲིལ་བ་རེད། དེ་རྗེས། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་དང་ཉེན་རྟོག་དཔོན་གྱི་གོ་རྟགས་འཕར་བའི་དམག་དཔོན་དང་ཉེན་རྟོག་དཔོན་དང་ལྷན་བཞུགས་སྐུ་པར་བསྒྲོན་པ་རེད།
     ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝུའེ་ཧྥུང་ཧོ་དང་། ལི་ཙུའོ་ཁྲེང་། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་དང་། པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པ་དང་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གོ་རྟགས་སྤོར་བའི་མཛད་སྒོར་ཞུགས་ཡོད་པ་རེད།

  
style="display:none;"