མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཧོ་ལན་གྱི་རྒྱལ་པོ་ཝུའེ་ལན — ཡཱ་ལི་ཧྲན་ཏ་རྣམ་གཉིས་ཀྱིས་ཀྲུང་ཧོ་རྒྱལ་ཁབ་གཉིས་དབར་
ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་20ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧོ་ལན་གྱི་རྒྱལ་པོ་ཝུའེ་ལན ཡཱ་ལི་ཧྲན་ཏ་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་སྟེ། རྒྱལ་ཁབ་གཉིས་པོའི་དབར་གཞུང་ཚབ་ཆེ་མོ་རིམ་པའི་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧོ་ལན་དབར་ཕྱི་འབྲེལ་བཙུགས་ཚུན། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 2014ལོར་ང་དང་རྒྱལ་པོ་ཝུའེ་ལན ཡཱ་ལི་ཧྲན་ཏ་གཉིས་ནས་ཐུན་མོང་ཐོག་ཀྲུང་གོ་དང་ཧོ་ལན་དབར་གྱི་འབྲེལ་བ་དེ་སྒོ་དབྱེ་དངོས་སྒྲུབ་ཀྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་པ་བརྒྱུད། ཀྲུང་གོ་དང་ཡོ་རོབ་དབར་གྱི་མཉམ་ལས་ཁྲོད་ཀྱི་ཧོ་ལན་གྱི“སྒོ་མོའི”ནུས་པ་སྔར་བས་མངོན་གསལ་དོད་དུ་སོང་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས། ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་བྱས་པ་ལས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་མངོན་གྱི་ཡོད། ངས་ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། རྒྱལ་པོ་ཝུའེ་ལན ཡཱ་ལི་ཧྲན་ཏ་དང་ལྷན་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་པོ་བཅས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་བསྟན་པ་རེད།
    ཝུའེ་ལན ཡཱ་ལི་ཧྲན་ཏ་ཡིས་ལོ་ངོ་50ཡི་རིང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། དཔལ་འབྱོར་ཚོང་དོན་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ཟམ་མི་ཆད་པར་མང་དུ་ཕྱིན་ཡོད། བྱས་རྗེས་གཟེངས་སུ་ཐོན་ལ་གྲུབ་འབྲས་ལྡན་པའི་ཧོ་ལན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ། ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག་སྔར་བས་སྲ་བརྟན་དང་འཕེལ་རྒྱས་འགྲོ་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་པ་རེད།
   ཉིན་དེ་རང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་ལུའེ་ཐེ་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཞིང་། ལི་ཁེ་ཆང་གིས། ཀྲུང་གོ་ཕྱོགས་ཀྱིས་ཧོ་ལན་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བཟུང་སྟེ། ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་སྔར་བས་ཤུགས་སྣོན་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་བཏང་ནས། ཀྲུང་གོ་དང་ཧོ་ལན་གྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཤིང་། ལུའེ་ཐེ་ཡིས་ཧོ་ལན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཡུན་རིང་བྱུང་ཡོད། ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་བྱས་ཏེ་དཔལ་འབྱོར་སླར་གསོ་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"