མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་མཇལ་འཛོམས་ཀྱི་འགོ་ཚུགས་མཛད་སྒོའི་
ཐོག་བརྙན་ལམ་ནས་ཤིས་ཚིག་གསུངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་20ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་5ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད།

ཟླ་5ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད།

     མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཕྱི་འབྲེལ་པུའུ་ཀྲང་ཐུག་འཕྲད་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བརྙན་ལམ་ནས་ཤིས་ཚིག་གསུངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་ནད་ཡམས་ཀྱིས་རྐྱེན་པས་རྒྱལ་སྤྱིའི་དུས་བབ་ཁྲོད་བརྟན་ལྷིང་མིན་པ་དང་། གཏན་འཁེལ་མེད་པ། བདེ་འཇགས་མིན་པ་བཅས་ཀྱི་རྒྱུ་རྐྱེན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། འོན་ཀྱང་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་འགྱུར་ལྡོག་བྱུང་མེད་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དོན་གཉེར་ལ་འགྱུར་བ་བྱུང་མེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ལའང་འགྱུར་བ་བྱུང་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དགེ་མཚན་ལྡན་པ་དང་། ཡར་རྒྱས་འགྲོ་བ། དགེ་མཚན་ལྡན་པ་བཅས་ཀྱི་སྟོབས་ཤུགས་ཤིག་ཡིན་པའི་འབོ་གསེར་རྒྱལ་ཁབ་ཀྱིས་དད་སེམས་བརྟན་པོ་དང་། རླུང་རླབས་ལ་ཕྱོགས་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད། དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་། དམངས་གཙོ་དང་རང་དབང་དར་སྤེལ་བཏང་ནས་འཕོ་འགྱུར་དུས་ཀྱི་རྒྱལ་སྤྱིའི་འབྲེལ་བར་བརྟན་པོའི་རང་བཞིན་དང་དྲང་ནུས་སྣོན་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་བྱས་དོན། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་རྒྱལ་ཁབ་གཞན་གྱི་བདེ་འཇགས་བློས་གཏོང་རྒྱུ་རིན་དོད་དུ་བྱེད་པ་དང་། ཕྱོགས་རེ་བའི་སྒོ་ནས་རང་ངོས་ཀྱི་བདེ་འཇགས་དོན་གཉེར་བྱས་ཚེ་འགལ་ཟླ་དང་ཉེན་ཁ་གསར་པ་མ་གཏོགས་ཡོང་མི་སྲིད་པ་བསྟན་ཡོད། འཛམ་གླིང་བདེ་འཇགས་དང་བདེ་སྡུག་མཉམ་མྱོང་ཡོང་བར་སྐུལ་འདེད་གཏོང་ཆེད། ངས་སྔོན་འདིར་འཛམ་གླིང་ཡོངས་ཀྱི་བདེ་འཇགས་སྐོར་གྱི་གྲོས་འགོ་བཏོན་པ་ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱེད་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་པ། བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་ཕན་ཚུན་བརྩི་འཇོག་བྱེད་པ། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། འཇམ་འཐབ་ཀྱི་བསམ་གཞིག་དང་ཚོགས་པའི་འགྲན་རྒོལ་བཀག་འགོག་བྱེད་པ་བཅས་བྱས་ནས། མིའི་རིགས་ཀྱི་བདེ་འཇགས་གཅིག་མཐུན་ཚོགས་པ་གཏོད་དགོས།
     ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཕེལ་རྒྱས་གཏོང་རྒྱུ་ནི་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ལས་འགན་ཞིག་རེད། མིག་སྔའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་དེ་བས་གལ་འགངས་ཆེ་བ་ཡོད། རྒྱལ་ཁབ་ལྔ་པོས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་བ་དང་། སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་ནས་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ། ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མཉམ་ལས་ཀྱི་སྒོ་ངའི་བག་ལེབ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཆེ་རུ་བཟོ་བ་དང་། ཡར་ཐོན་གྱི་སྟོབས་ཤུགས་ཇི་ཙམ་གཅིག་སྡུད་ཡིན་ན་དེ་ཙམ་སྟོབས་ཆེར་འགྲོ་བ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

  
style="display:none;"