མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ནན་ཅིང་སློབ་ཆེན་གྱི་ཕྱི་སྦྱོང་ཚར་ནས་རྒྱལ་ནང་དུ་ལོག་པའི་ན་གཞོན་མཁས་དབང་ཚོར་འཕྲིན་ལན་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་21ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     འཕྲིན་ལན།
     ནན་ཅིང་སློབ་ཆེན་གྱི་ཕྱི་སྦྱོང་ཚར་ནས་རྒྱལ་ནང་དུ་ལོག་པའི་ན་གཞོན་མཁས་དབང་ཚོ།
     ཁམས་བཟང་། ཁྱེད་ཚོས་ལི་སི་ཀོང་དང་ཁྲེང་ཁའེ་ཅ་སོགས་ཚན་རིག་མཁས་ཅན་རྒན་རབས་པ་རྣམས་མིག་དཔེར་བཟུང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་ལེགས་གྲུབ་བྱུང་རྗེས་རྒྱལ་ནང་དུ་ལོག་ནས་ཚན་སློབ་བྱ་གཞག་ལ་ཞུགས་པ་དང་། རང་རང་གི་ལས་གནས་ཐོག་འབད་བརྩོན་ཆེན་པོས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ནན་ཅིང་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བའི་མཚམས་སུ། ཁྱེད་ཚོ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་། ལས་བཟོ། རྒྱ་ཆེའི་སློབ་གྲོགས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
     ཁྱེད་ཚོས་འཕྲིན་ཡིག་ནང་། རླབས་ཆེན་གྱི་དུས་རབས་ནང་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་མི་ཚེའི་བདེ་སྐྱིད་ཅིག་རེད། ཕྱི་སྦྱོང་ཚར་ནས་རྒྱལ་ནང་དུ་ལོག་པའི་གཞོན་ནུ་ཚོས“རྒྱལ་ཁབ་ཀྱི་དོན་དག”བློ་ལ་འཆང་བ་དང“རྒྱལ་ཁབ་ཀྱི་འགན་འཁྲི”ཕྲག་ཐོག་ཏུ་འཁུར་རྒྱུ་ཡིན་ཞེས་བརྗོད་པ་དེ་ཚོ་ཧ་ཅང་ཡག་པོ་རེད། བློ་མཐུན་ཚོས་ཕྱི་སྦྱོང་ཚར་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རང་རྟོགས་ཀྱི་དོན་གཉེར་བྱ་གཞིར་བརྩི་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རྩལ་རང་ཚུགས་རང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་ཐད་མིག་དཔེ་ཧུར་ཐག་སྟོན་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་། 
     2022ལོའི་ཟླ་5ཚེས་18ཉིན།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་འབྱོར་བའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ནན་ཅིང་སློབ་ཆེན་གྱི་ཕྱི་སྦྱོང་ཚར་ནས་རྒྱལ་ནང་དུ་ལོག་པའི་ན་གཞོན་མཁས་དབང་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།
     འཕྲིན་ལན་ནང་ཞི་ཅིན་ཕིང་གིས། ཁྱེད་ཚོས་ལི་སི་ཀོང་དང་ཁྲེང་ཁའེ་ཅ་སོགས་ཚན་རིག་མཁས་ཅན་རྒན་རབས་རྣམས་མིག་དཔེར་བཟུང་ནས་ཕྱི་རྒྱལ་དུ་སློབ་སྦྱོང་ལེགས་གྲུབ་བྱུང་རྗེས་རྒྱལ་ནང་དུ་ལོག་ནས་ཚན་སློབ་བྱ་གཞག་ལ་ཞུགས་པ་དང་། རང་རང་གི་ལས་གནས་ཐོག་འབད་བརྩོན་ཆེན་པོས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་ཤེས་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། ནན་ཅིང་སློབ་ཆེན་བཙུགས་ནས་ལོ་ངོ་120འཁོར་བའི་མཚམས་སུ། ཁྱེད་ཚོ་དང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་། ལས་བཟོ། རྒྱ་ཆེའི་སློབ་གྲོགས་བཅས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
     ཞི་ཅིན་ཕིང་གིས། ཁྱེད་ཚོས་འཕྲིན་ཡིག་ནང་རླབས་ཆེན་གྱི་དུས་རབས་ནང་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་མི་ཚེའི་བདེ་སྐྱིད་ཅིག་རེད། ཕྱི་སྦྱོང་ཚར་ནས་རྒྱལ་ནང་དུ་ལོག་པའི་གཞོན་ནུ་ཚོས“རྒྱལ་ཁབ་ཀྱི་དོན་དག”བློ་ལ་འཆང་བ་དང“རྒྱལ་ཁབ་ཀྱི་འགན་འཁྲི”ཕྲག་ཐོག་ཏུ་འཁུར་རྒྱུ་ཡིན་ཞེས་བརྗོད་པ་དེ་ཚོ་ཧ་ཅང་ཡག་པོ་རེད། བློ་མཐུན་ཚོས་ཕྱི་སྦྱོང་ཚར་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་སྟེ། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རང་རྟོགས་ཀྱི་དོན་གཉེར་བྱ་གཞིར་བརྩི་བ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ནས་ཚན་རྩལ་རང་ཚུགས་རང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པའི་ཐད་མིག་དཔེ་ཧུར་ཐག་སྟོན་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད། (འཕྲིན་ལན་གྱི་ནང་དོན་ཆ་ཚང་ལོགས་སུ་བཀོད་ཡོད)
     ནན་ཅིང་སློབ་ཆེན་ནི་1902ལོར་བཙུགས་པའི་དེ་སྔའི་སན་ཅང་དགེ་འོས་སློབ་གྲྭ་ཡིན་པ་དང་། 1950ལོར་ནན་ཅིང་སློབ་ཆེན་ཞེས་དངོས་སུ་མིང་གཏན་འཁེལ་བྱས། སློབ་གྲྭ་བཙུགས་ནས་ལོ་ངོ་120སོང་རིང་ཕྱི་སྦྱོང་ཚར་ནས་རྒྱལ་ནང་དུ་ལོག་པའི་སློབ་མ་ཁག་ཐེངས་མང་པོས་ནན་ཅིན་སློབ་ཆེན་དུ་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འབད་འཐབ་ཀྱི་རྐང་རྗེས་བཞག་ཡོད་ཅིང་། ལི་སི་ཀོང་དང་ཁྲེང་ཁའེ་ཅ་སོགས་ནི་དེའི་ཁྲོད་ཀྱི་ཕུལ་བྱུང་མཚོན་བྱེད་རེད། ཉེ་དུས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱི་རྒྱལ་དུ་སློབ་སྦྱོང་ལེགས་གྲུབ་ཟིན་ནས་རྒྱལ་ནང་དུ་ལོག་སྟེ་ནན་ཅིང་སློབ་ཆེན་དུ་ལས་ཀ་བྱེད་མཁན་གཞོན་ནུ་མཁས་དབང་གི་འཐུས་མི་120ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས་དཔེ་ཁྲིད་མི་སྐྱོང་དང་ཚན་ཞིབ་གསར་གཏོད་སོགས་ཐད་ཀྱི་ལས་ཀའི་མྱོང་ཚོར་སྙན་སེང་ཞུས་ཏེ། ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འགན་འཁྲི་ཕྲག་ཏུ་འཁུར་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།

  
style="display:none;"