མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་སྲིད་ཏང་དང་། ཇུས་འདོན་ཚོགས་པ། དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་
བཅས་ཀྱི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་21ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་19ཉིན། འབོ་གསེར་རྒྱལ་ཁབ་ཀྱི་སྲིད་ཏང་དང་། ཇུས་འདོན་ཚོགས་པ། དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་གླེང་སྟེགས་དེ་བརྙན་ལམ་ཐོག་ནས་པེ་ཅིང་དུ་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཉམས་ཞན་དང་། འཕེལ་རྒྱས་ཀྱི་འགལ་རྐྱེན་ཚབས་ཆེར་འགྲོ་བ། གནམ་གཤིས་འགྱུར་ལྡོག་དང་གྲངས་འཛིན་བཅོས་སྐྱོང་སོགས་ཀྱི་འགྲན་སློང་ཛ་དྲག་པོ་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་གླེང་སྟེགས་འཛུགས་པའི་ཐོག་མའི་བསམ་འདུན་མ་བརྗེད་པར་མཉམ་ལས་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཉམ་ཤུགས་གཅིག་སྒྲིལ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་དེ་བས་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལམ་མཉམ་དུ་གཏོད་དགོས། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་མགྱོགས་པོ་བྱེད་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བརྟན་པོ་བཏང་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་འདོད་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབོ་གསེར་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྲིད་ཏང་དང་། ཇུས་འདོན་ཚོགས་པ། དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་འགན་འཁྲི་འཁུར་བ་དང་འབྲེལ་གཏུག་སྤེལ་རེས་གཏིང་ཟབ་བྱས་ཏེ་གོ་ལ་ཧྲིལ་པོ་ཐུན་མོང་ཐོག་འཕེལ་རྒྱས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།
     འབོ་གསེར་རྒྱལ་ཁབ་ཀྱི་སྲིད་ཏང་དང་། ཇུས་འདོན་ཚོགས་པ། དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་གླེང་སྟེགས་དེ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་འབོ་གསེར་རྒྱལ་ཁབ་ཀྱི་ཇུས་འདོན་ཚོགས་པའི་མཉམ་ལས་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལས་འཛིན་ལྷན་ཚོགས་དང་ཀྲུང་གོ་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱིའི་སྤེལ་རེས་ཡར་སྐུལ་ལྷན་ཚོགས་ལ་མཛུབ་ཁྲིད་བྱས་ནས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད། ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་དང་ཙུང་ཐུང་ལཱ་མ་ཕུའུ་ས་དང་། ཨ་ཀེན་ཐིན་དྲང་བདེན་ཏང་གི་ཀྲུའུ་ཞི་དང་ཙུང་ཐུང་ཧྥེར་ནན་ཏེ་སི། ཁམ་ཕུ་ཁྲེའི་མི་དམངས་ཏང་གི་ཀྲུའུ་ཞི་དང་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་ཧུང་སེན། ཧིན་རྡུ་ཉི་ཞི་ཡའི་དམངས་གཙོ་འཐབ་རྩོད་ཏང་གི་སྤྱི་ཁྱབ་ཀྲུའུ་ཞི་དང་ཙུང་ཐུང་ཟུར་པ་མེ་ཅཱ་ཝ་ཏི་སོགས་ཀྱིས་བརྙན་ལམ་མམ་ཡང་ན་ཡིག་ཐོག་ནས་གླེང་སྟེགས་ལ་རྟེན་འབྲེལ་ཞུས་པ་རེད། རྒྱལ་ཁབ་10ནས་ཡོང་བའི་སྲིད་ཏང་གི་འགོ་ཁྲིད་དང་། ཇུས་འདོན་ཚོགས་པ། དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་འཐུས་མི་130ལྷག་ཙམ་དྲ་ཐོག་ནས་ཚོགས་འདུར་ཞུགས་པ་རེད།

  
style="display:none;"