མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་པཱ་ཆེ་ལའེ་ཐེ་
དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་27ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་5ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་པཱ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ།

ཟླ་5ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་པཱ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་པཱ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ་རེད།
    ཞི་ཅིན་ཕིང་གིས་པཱ་ཆེ་ལའེ་ཐེ་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོའི་ལོ་རྒྱུས་དང་རིག་གནས་དང་ཟུང་འབྲེལ་བྱས་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་འགན་ལེན་བྱེད་པར་གཞོལ་བའི་རྩ་དོན་དང་ལངས་ཕྱོགས་གསལ་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དུ་བརྩིས་ནས་ལོ་ངོ་100ལྷག་ཙམ་རིང་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཆེད་འབད་འཐབ་བྱས་ཡོད། (པར་ངོས་གཉིས་པར་གཟིགས) (པར་ངོས་དང་པོར་མཐུད) མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། ཡུན་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་ཀྲུང་གོ་འདི་ཉིད་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བཅས་བྱས་པས། ཀྲུང་གོའི་མི་དམངས་ལ་དེ་བས་རྒྱ་ཁྱབ་དང་། དེ་བས་གང་ལེགས། དེ་བས་ཕྱོགས་ཡོངས་བཅས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ཀྲུང་གོའི་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་བྱུང་མྱོང་མེད་པའི་འགན་ལེན་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས་བསྟན་གནང་དོན། འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པར་ཡག་ཤོས་ཟེར་བ་མེད་པས་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཁག་དང་འགྲོ་བ་མིའི་ཐོབ་ཐང་གི་གླེང་མོལ་དང་མཉམ་ལས་ཧུར་ཐག་བྱས་ནས་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཏོང་བ་དང་། མི་མཐུན་པའི་ཆ་ཉུང་དུ་གཏོང་བ། ཕན་ཚུན་མྱོང་ལེན་བྱེད་པ། ཐུན་མོང་ཡར་རྒྱས་ཡོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་མཉམ་དུ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད། མིག་སྔར། གལ་ཆེ་ཤོས་ནི་དོན་དག་བཞི་ཡག་པོ་བསྒྲུབ་རྒྱུ་དེ་རེད།
    གཅིག་ནས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མི་དམངས་ཀྱི་ཁེ་ཕན་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མི་དམངས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཟམ་མི་ཆད་པར་ཐག་གཅོད་ཡག་པོ་བྱས་ཏེ། མི་དམངས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན། རྒྱལ་ཁབ་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཡག་པོ་ཡོད་མེད་ཀྱི་འགག་རྩ་དེ་རྒྱལ་ཁབ་དེ་གའི་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་ཐུབ་མིན་དང་། མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་ཡོད་མེད་ལ་ལྟ་དགོས་པ་དང་། དེ་ནི་རྒྱལ་ཁབ་གཅིག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་རེད། མི་དམངས་ལ་དངོས་འབྲེལ་རང་ཁྱིམ་རང་བདག་བྱེད་དུ་བཅུག་ནས་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ནང་ཞུགས་པ་པོ་གཙོ་བོ་དང་། སྐུལ་འདེད་གཏོང་མཁན། ཕན་པ་ཐོབ་མཁན་བཅས་སུ་འགྱུར་བ་བྱེད་དགོས་པ་དང་།
     གཉིས་ནས་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་དགོས་ཤིང་། འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་། ཞིབ་ཕྲ། དངོས་ཡོད་བཅས་ཡིན་པ་དང་། རྒྱལ་ཁབ་ཁག་གི་རྒྱལ་བབ་མི་འདྲ་བ་དང་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་བཅས་དབར་ཧེ་བག་ཡོད་པས། ངེས་པར་དུ་རྒྱལ་ཁབ་དེ་གའི་དོན་དངོས་དང་མི་དམངས་ཀྱི་དགོས་མཁོར་གཞིགས་ནས་རང་ཉིད་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་བྱེད་དགོས། དོན་དངོས་དང་ཁ་བྲལ་བ་དང་རྒྱལ་ཁབ་གཞན་གྱི་ལམ་ལུགས་ཇི་མ་ཇི་བཞིན་འདྲ་སྤོས་བྱས་ཚེ་ལུགས་དང་མི་མཐུན་པ་མ་ཟད། གེགས་བར་རང་བཞིན་གྱི་མཇུག་འབྲས་ཐོན་སྲིད་པས། མཐར་གནོད་འཚེ་ཕོག་མཁན་ནི་རྒྱ་ཆེའི་མི་དམངས་མང་ཚོགས་རེད། དེའི་ཐད་ཀྱི་དཔེ་ཧ་ཅང་མང་པོ་ཡོད་པས་སྔ་བསླབ་ཕྱི་འདོམས་བྱེད་དགོས་པ།
    གསུམ་ནས་འགྲོ་བ་མིའི་ཐོབ་ཐང་སྣ་ཚོགས་ལ་སྤྱི་འདོམས་གཅིག་ལྕོགས་ལྟ་རྟོག་བྱེད་དགོས་ཤིང་། འགྲོ་བ་མིའི་ཐོབ་ཐང་གི་གོ་དོན་ནི་ཕྱོགས་ཡོངས་དང་ཕུན་སུམ་ཚོགས་པོ་ཞིག་ཡིན་པས་ངེས་པར་དུ་ཕྱོགས་བསྡུས་ཐོག་ནས་སྲིད་ཇུས་ལག་བསྟར་དང་བརྒྱུད་རིམ་ལྡན་པའི་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཚོན་ན། འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་ནི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོ་ཡིན། སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཕྱོད་སྔར་ལས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད། དེ་བས་བདེ་འཇགས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་མངོན་འགྱུར་ཡོང་བའི་འབད་བརྩོན་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བར་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་པ།
     བཞི་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་བྱ་རྒྱུ་ནི་མིའི་རིགས་ཡོངས་ཀྱི་བྱ་གཞག་ཡིན་པས་ཚང་མས་མཉམ་དུ་འབད་བརྩོན་བྱེད་དགོས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ལེགས་ཆ་ཀུན་འཛོམས་ཀྱི“ཕུགས་བསམ་གྱི་རྒྱལ་ཁབ”མེད་པ་དང་། རྒྱལ་ཁབ་གཞན་ལ་རྫིག་ཉམས་སྟོན་པའི“སློབ་དཔོན”མི་དགོས་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དང་ལག་ཆ་ཅན་དུ་འགྱུར་བ་དང་ཚད་གཞི་གཉིས་བཟོས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་དེ་བས་བྱེད་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ནས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་བཏང་སྟེ་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་བྱ་རྒྱུ་དེ་དེ་བས་དྲང་གཞག་དང་། ལུགས་མཐུན། བསྟུན་མཁས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན།
    པཱ་ཆེ་ལའེ་ཐེས་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ཀྱི་དཀའ་ངལ་ཁྱད་དུ་བསད་ནས་ང་ཀྲུང་གོར་འཚམས་འདྲིར་ཡོང་རྒྱུར་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐེངས་ནི་ལོ་17སོང་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཀྲོན་ཡོན་གྱིས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་དང་པོ་རེད། ངས་ད་ཐེངས་ཀྱི་འཚམས་འདྲིར་མཐོང་ཧ་ཅང་ཆེན་པོ་དང་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད་ལ། ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་དང་རྒྱ་ཁྱབ་འབྲེལ་གཏུག་དང་ཐད་ཀར་འབྲེལ་གཏུག་བྱ་རྒྱུ་ཡིན། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ངས་ཀྲུང་གོར་དེ་བས་ལེགས་པའི་ཤེས་རྟོགས་ཐུབ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབུལ་ཕོངས་མེད་པར་བཟོ་བ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་འགྱུར་ཡོང་བ་སོགས་ཐད་འབད་བརྩོན་དང་ཐོབ་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་ཀྱང་བྱ་རྒྱུ་ཡིན། མཐོ་རིམ་ཀྲོན་ཡོན་གཞུང་ལས་ཁང་གིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་མཉམ་ལས་ལ་གྲོས་བསྡུར་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཟླ་5ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་པཱ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ།
ཟླ་5ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཀྲོན་ཡོན་པཱ་ཆེ་ལའེ་ཐེ་དང་མཇལ་འཛོམས་གནང་བ།

  
style="display:none;"