མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་01ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་5ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་གསར་དུ་བདམས་ཐོན་བྱུང་ཞིང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ་རེད།

ཟླ་5ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་གསར་དུ་བདམས་ཐོན་བྱུང་ཞིང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ་རེད།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་གསར་དུ་བདམས་ཐོན་བྱུང་ཞིང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པ་ལི་ཅ་ཁྲའོ་ལ་མཇལ་འཕྲད་གནང་བ་རེད།
     ཞི་ཅིན་ཕིང་གིས། ལི་ཅ་ཁྲའོ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལས་ཐོག་དྲུག་པར་བདམས་ཐོན་བྱུང་ཞིང་། ཀྲུང་དབྱང་སྲིད་གཞུང་གིས་བསྐོ་གཞག་བྱས་པར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས། ཁྱེད་ཀྱིས་རྒྱལ་གཅེས་ཀང་གཅེས་ཀྱི་ལངས་ཕྱོགས་བརྟན་པ་དང་། འགན་འཁྲི་འཁུར་ཕོད་ལ་ལས་ཀ་ཧུར་ཐག་བྱེད་པ། ལས་གནས་མི་འདྲ་བའི་ཐོག་རང་འགན་གཙང་སྒྲུབ་བཅས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་ཤང་ཀང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད། ཀྲུང་དབྱང་གིས་ཁྱེད་ལ་ཁས་ལེན་གང་ལེགས་དང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ན་ནིང་ནས་བཟུང་འདེམས་བསྐོའི་ལམ་ལུགས་གསར་པའི་འོག་ཤང་ཀང་གིས་འདེམས་བསྐོ་ཨུ་ཡོན་ལྷན་ཁང་འདེམས་བསྐོ་དང་། ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་སྐབས་བདུན་པ་འདེམས་བསྐོ། སྲིད་འཛིན་དཔོན་ལས་ཐོག་དྲུག་པའི་འདེམས་བསྐོ་བཅས་སྔ་རྗེས་སུ་བྱས་པ་ཚང་མ་ལེགས་གྲུབ་བྱུང་ཡོད། འདེམས་བསྐོའི་ལམ་ལུགས་གསར་པས“རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དོན་འཁྱོལ་དང་། ཤང་ཀང་གི་གྲོང་མིས་རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་རྒྱུ་འགན་སྲུང་། སྤྱི་ཚོགས་ཀྱི་རིམ་གྲས་ཁག་དང་ལས་རིགས་ཁག་གིས་སེམས་ནུས་གཅིག་སྒྲིལ་གྱིས་ཤང་ཀང་འཛུགས་སྐྲུན་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་ཐག་གཅོད་རང་བཞིན་གྱི་ནུས་པ་ལྡན་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད། འདི་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་དང་མཐུན་པ་དང་། ཤང་ཀང་གི་དོན་དངོས་དང་མཐུན་པ། ཤང་ཀང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་མཐུན་པ་བཅས་ཀྱི་ཆབ་སྲིད་ལམ་ལུགས་དང་དམངས་གཙོའི་ལམ་ལུགས་ཆ་ཚང་ཞིག་ཡིན་པས། ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། འདི་ལོ་ནི་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བའི་ལོ་ཡིན། ལོ་25ཡི་རིང་དཀའ་ཉེན་དང་འགྲན་སློང་མང་པོ་འཕྲད་རུང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཤང་ཀང་དུ་ལག་ལེན་བསྟར་བར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་དབྱང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་འཁེལ་ངང་ལག་བསྟར་བྱེད་པའི་ཆོད་སེམས་ལ་གཡོ་འགུལ་གཏན་ནས་ཐེབས་མྱོང་མེད་ལ་འགྱུར་ལྡོག་དེ་བས་གཏོང་མི་སྲིད། ཀྲུང་དབྱང་སྲིད་གཞུང་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ཐུན་མོང་འབད་འཐབ་འོག་ཤང་ཀང་ལ་ཟང་ཟིང་ནས་བཅོས་སྐྱོང་བར་གྱི་འཕོ་འགྱུར་ཆེན་པོ་བྱུང་སྟེ་ད་ཆ་བཅོས་སྐྱོང་དང་དར་རྒྱས་ཀྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྲིད་སྐྱོང་བྱས་ཚེ་རྣམ་པ་གསར་པ་ཐོན་ངེས་ཡིན་པ་དང་ཤང་ཀང་གི་འཕེལ་རྒྱས་ཐད་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
     མཇལ་འཕྲད་གནང་སྐབས་ཧན་ཀྲེང་དང་ཤཱ་པའོ་ལུང་སོགས་ཞུགས་ཡོད་པ་རེད།

  
style="display:none;"