མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་02ཉིན། 11:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། སྐུ་ཞབས་སུང་ཆིང་ལིང་གི“ནམ་ཡང་ཏང་དང་མཉམ་དུ་གནས་པའི”དད་སེམས་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ། དབང་དབྱང་དྲན་གསོའི་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
     རྟེན་འབྲེལ་འཕྲིན་ཡིག
     ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་བཙུགས་ནས་ལོ་ངོ་40འཁོར་བའི་མཚམས་སུ་ངས་ཐེབས་རྩ་ལྷན་ཚོགས་ཀྱི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་མ་ཟད། ཐེབས་རྩ་ལྷན་ཚོགས་ལ་ལེགས་སྐྱེས་འབུལ་མཁན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།
     ལོ་ངོ་40ཡི་རིང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་སྐུ་ཞབས་སུང་ཆིང་ལིང་གི་བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རྒྱལ་སྤྱིའི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། མཚོ་འགག་ངོགས་གཉིས་དང་ཤང་ཀང་དང་ཨའོ་མོན་གྱི་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་བྱ་གཞག་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་སྐུ་ཞབས་སུང་ཆིང་ལིང་གི“ནམ་ཡང་ཏང་དང་མཉམ་དུ་གནས་པའི”དད་སེམས་རྒྱུན་འཛིན་བྱས་ཏེ“ཞི་བདེ·གཅིག་གྱུར·འབྱུང་འགྱུར”བཅས་ཀྱི་དམིགས་ཡུལ་ལག་ལེན་བསྟར་ནས་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་དང་། ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱེད་པ། ཕྱི་ཕྱོགས་ཀྱི་དམངས་ཁྲོད་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མེས་རྒྱལ་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ། གཞོན་ནུ་ལོ་ཆུང་འཚར་ལོངས་དང་འཇོན་ཐང་ཅན་ལ་འགྱུར་རྒྱུར་རོཌ་རམ་བྱེད་པ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་།
     2022ལོའི་ཟླ་5ཚེས་31ཉིན། 
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་འབྱོར་བའི་གློག་འཕྲིན)
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་བཙུགས་ནས་ལོ་ངོ་40འཁོར་བའི་མཚམས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཐེབས་རྩ་ལྷན་ཚོགས་ཀྱི་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཐེབས་རྩ་ལྷན་ཚོགས་ལ་ལེགས་སྐྱེས་འབུལ་མཁན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ལོ་ངོ་40ཡི་རིང་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་སྐུ་ཞབས་སུང་ཆིང་ལིང་གི་བླ་ན་མེད་པའི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རྒྱལ་སྤྱིའི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་། མཚོ་འགག་ངོགས་གཉིས་དང་ཤང་ཀང་དང་ཨའོ་མོན་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། གཞོན་ནུ་ལོ་ཆུང་གི་བྱ་གཞག་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་སྐུ་ཞབས་སུང་ཆིང་ལིང་གི“ནམ་ཡང་ཏང་དང་མཉམ་དུ་གནས་པའི”དད་སེམས་རྒྱུན་འཛིན་བྱས་ཏེ།“ཞི་བདེ·གཅིག་གྱུར·འབྱུང་འགྱུར”བཅས་ཀྱི་དམིགས་ཡུལ་ལག་ལེན་བསྟར་ནས་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་ཆུད་པ་དང་། ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱེད་པ། ཕྱི་ཕྱོགས་དང་དམངས་ཁྲོད་ཀྱི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ། གཞོན་ནུ་ལོ་ཆུང་འཚར་ལོངས་དང་འཇོན་ཐང་ཅན་ལ་འགྱུར་པར་རོགས་རམ་བྱེད་པ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད། (རྟེན་འབྲེལ་འཕྲིན་ཡིག་གི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)
     ཚེས་31ཉིན་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་བཙུགས་ནས་ལོ་ངོ་40འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡིའུ་ཆོན་གྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལི་པིན་གྱིས་ཤིས་ཚིག་གསུངས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲེང་ཅན་པང་ཚོགས་ཆེན་ལ་ཞུགས་པ་རེད།

  
style="display:none;"