མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་02ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་སེམས་ནུས་ཡོད་རྒུས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ། “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།
     རྟེན་འབྲེལ་འཕྲིན་ཡིག
     ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ་ངོ་40འཁོར་བའི་སྐབས་འདིར་ངས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
     ལོ་ངོ་40ཡི་རིང་ཀྲུང་གོ་བྱིས་པའི་ལྟེ་གནས་ཀྱིས་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། རྒྱ་ཆེའི་བྱིས་པར་ཞབས་འདེགས་ཞུ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ཁྱེད་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་། རྒྱ་ཆེའི་བྱིས་པའི་ལས་དོན་པ་དང་མཐུན་སྒྲིལ། བྱིས་པ་འཚར་ལོངས་ཀྱི་སྣེ་ཁྲིད་པ་དང་། བྱིས་པའི་ཁེ་དབང་སྲུང་མཁན་དང་བྱིས་པའི་འབྱུང་འགྱུར་གྱི་ཕུགས་འདུན་སྒྲུབ་མཁན་བཅས་བྱས་ཏེ་སེམས་ནུས་ཡོད་རྒུས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
     “དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ་ངས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུ་རྒྱུ་དང་གྲོགས་པོ་ཆུང་ཆུང་ཚོ་སློབ་སྦྱོང་ཡར་རྒྱས་དང་། དགའ་སྤྲོའི་ངང་འཚོ་བ་སྐྱེལ་བ། བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས།
     2022ལོའི་ཟླ་5ཚེས་31ཉིན།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་འབྱོར་པའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་བྱིས་པའི་ལྟེ་གནས་བཙུགས་ནས་ལོ་ངོ་40འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས། རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་ཉེའི་མཚམས་སུ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་བྱིས་པར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་གྲོགས་པོ་ཆུང་ཆུང་ཚོ་སློབ་སྦྱོང་ཡར་རྒྱས་དང་། དགའ་སྤྲོའི་ངང་འཚོ་བ་སྐྱེལ་བ། བདེ་ཐང་ངང་འཚར་ལོངས་ཡོང་བ་བཅས་ཀྱི་སྨོན་འདུན་ཞུས་གནང་བ་རེད།
     ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་གནང་དོན། ལོ་ངོ་40ཡི་རིང་ཀྲུང་གོ་བྱིས་པའི་ལྟེ་གནས་ཀྱིས་ཏང་ཆེད་མི་སྣ་གསོ་སྐྱོང་དང་རྒྱལ་ཁབ་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ། རྒྱ་ཆེའི་བྱིས་པར་ཞབས་འདེགས་ཞུ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁྱེད་ཚོས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་། རྒྱ་ཆེའི་བྱིས་པའི་ལས་དོན་པ་དང་མཐུན་སྒྲིལ། བྱིས་པ་འཚར་ལོངས་ཀྱི་སྣེ་ཁྲིད་པ་དང་། བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་མཁན་དང་བྱིས་པའི་འབྱུང་འགྱུར་གྱི་ཕུགས་འདུན་སྒྲུབ་མཁན་བཅས་བྱས་ཏེ་སེམས་ནུས་ཡོད་རྒུས་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་དང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ཟུར་དུ་འགོད་རྒྱུ)
     ཀྲུང་གོ་བྱིས་པའི་ལྟེ་གནས་1982ལོར་བཙུགས་པ་དང་དེ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་སློབ་ཕྱིའི་སློབ་གསོ་དང་བྱིས་པའི་འཕེལ་རྒྱས་ཞིབ་འཇུག་སྒྲིག་གཞི་དང་པོ་དེ་རེད། ལོ་ངོ་40ཡི་རིང་ཀྲུང་གོ་བྱིས་པའི་ལྟེ་གནས་ཀྱི་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རིམ་རྩིས་བྱས་ན་ལོ་ཆུང་བྱིས་པ་དུང་ཕྱུར་ཁ་ཤས་ལྟེ་གནས་ཀྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོ་སྣ་ཚོགས་ནང་ཞུགས་མྱོང་བ་རེད།

  
style="display:none;"