མི་དམངས་དྲ་བ།

༄༅།།《མང་ཚོགས་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བར་བྱེད་དགོས—ཞི་ཅིན་ཕིང་གི་ཀྲེང་ཏིང་གི་ཞབས་རྗེས》སོགས་བློ་མཐུན་
ཞི་ཅིན་ཕིང་གི་ས་གནས་ཀྱི་ལས་ཀའི་ཉམས་མྱོང་ཆ་ཚང་བར་བཀོད་པའི་དེབ་བཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་07ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཀྲུང་དབྱང་དྲིལ་བསྒྲགས་པུས་སྤྱི་འདོམས་མཛུབ་ཁྲིད་བྱས་པ་དང་ཧོ་པེ་དང་། ཧྥུའུ་ཅན། ཀྲེ་ཅང་། ཧྲང་ཧའེ་བཅས་ཞིང་ཆེན(གྲོང་ཁྱེར)བཞིའི་ཏང་ཨུད་དྲིལ་བསྒྲགས་པུས་རྩོམ་འབྲི་སྒྲིག་འཛུགས་བྱས་པའི《མང་ཚོགས་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བར་བྱེད་དགོས—ཞི་ཅིན་ཕིང་གི་ཀྲེང་ཏིང་གི་ཞབས་རྗེས》དང་། 《ཧྥུའུ་ཅན་གྱི་རི་ཀླུང་གང་སར་རྣམ་པ་གསར་པས་ཁེངས—ཞི་ཅིན་ཕིང་གི་ཧྥུའུ་ཅན་གྱི་ཞབས་རྗེས》 《དངོས་དོན་སྒྲུབ་པ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད—ཞི་ཅིན་ཕིང་གི་ཀྲེ་ཅང་གི་ཞབས་རྗེས》 《སྒྱུར་བཅོས་སྒོ་དབྱེའི་གདོང་ལེན་དམག་ཡག་པོ་ཞིག་བྱེད་དགོས—ཞི་ཅིན་ཕིང་གི་ཧྲང་ཧའེ་ཡི་ཞབས་རྗེས》བཅས་བློ་མཐུན་ཞི་ཅིན་ཕིང་གི་ས་གནས་ཀྱི་ལས་ཀའི་ཉམས་མྱོང་ཆ་ཚང་བར་བཀོད་པའི་དེབ་བཞི་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་ཧོ་པེ་དང་། ཧྥུའུ་ཅན། ཀྲེ་ཅང་། ཧྲང་ཧའེ་བཅས་ཀྱི་མི་དམངས་དཔེ་སྐྲུན་ཁང་དང་མཉམ་དུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
     དེབ་བཞི་པོའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་ས་གནས་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་བྱ་གཞག་ལ་འགོ་ཁྲིད་དང་སྐུལ་འདེད་གཏོང་བར་དམིགས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཡོངས་ལ་དགོངས་པ་བཞེས་པ་དང་། ཕུགས་ལ་དམིགས་པ། དམངས་འཚོར་ཐུགས་ཁུར། དམ་པ་དོན་གཉེར། གསར་གཏོད་བྱེད་ཕོད་པ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྲིད་སྐྱོང་ལག་ལེན་ལ་ཕྱིར་དྲན་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གི་དད་མོས་དོན་གཉེར་དང་། དམངས་ཆེད་ཀྱི་བརྩེ་སེམས། དགོངས་པ་བཞེས་སྟངས། ཁྱད་འཕགས་སྤྱོད་བཟང་། གཡུར་ཟའི་གྲུབ་འབྲས་བཅས་ཕྱོགས་ཡོངས་དང་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། དེབ་བཞི་པོ་དེ་དག་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གཞི་རིམ་གྱི་འགོ་ཁྲིད་ལས་བྱེད་པ་ཞིག་ནས་གོམ་པ་རེ་རེ་བཞིན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་མི་དམངས་ཀྱི་གཙོ་འཛིན་དུ་འཚར་ལོངས་བྱུང་བའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་ཤེས་རྟོགས་གཏིང་ཟབ་བྱ་རྒྱུར་ཕན་པ་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་སྒྱུར་བཅོས་འཕེལ་རྒྱས་ལ་འཆར་འགོད་དང་དེར་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་བློ་གྲོས་དང་གཟིགས་རྒྱང་རིང་ཞིང་དགོངས་དོན་ཟབ་མོར་གོ་བ་གཏིང་ཟབ་ལེན་པར་དེ་བས་ཕན་པ་ཡོད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ལ་ངོས་འཛིན་དང་གོ་བ་གཏིང་ཟབ་ལེན་རྒྱུར་ཕན་པ་ཡོད་པས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པས་དུས་རབས་གསར་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་འགན་འཁྲི་དེ་བས་ཡག་པོ་འཁུར་རྒྱུར་གསོན་ཉམས་དོད་པའི་དཔེ་མཚོན་དང་སློབ་སྦྱོང་གི་དཔེ་མཚོན་བཏོད་པ་དེར་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆའི་རིན་ཐང་དང་དངོས་ཡོད་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད།

  
style="display:none;"