མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས《ཏ་ཀུང་ཚགས་པར》བཏོན་ནས་ལོ་ངོ་120འཁོར་བར་རྟེན་འབྲེལ་ཞུ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་14ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     རྟེན་འབྲེལ་འཕྲིན་ཡིག
     《ཏ་ཀུང་ཚགས་པར》བཏོན་ནས་ལོ་ངོ་120འཁོར་བའི་མཚམས་སུ། ངས་ལས་བཟོ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་ཡིན།
     དུས་རབས་གཅིག་ལྷག་ཙམ་རིང་། 《ཏ་ཀུང་ཚགས་པར》གྱིས“རང་ཞེན་འདོར་བ་ནི་ཆེན་པོ་དང་། སྒེར་སེམས་མེད་པ་ནི་སྤྱི་པའོ”ཞེས་པའི་ཚགས་པར་གཉེར་བའི་དམིགས་ཡུལ་གཞིར་བཟུང་། སྤྱི་དོན་དུ་གཏམ་བརྗོད་དང་རྒྱལ་ཁབ་ཆེད་རྩོམ་ཡིག་སྤེལ་ནས་ཀྲུང་གོ་གསར་པའི་འཛུགས་སྐྲུན་དང་། སྒྱུར་བཅོས་སྒོ་དབྱེ། དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་ཆེད་དང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་དང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། དུས་རབས་གསར་པར་སླེབས་སྐབས《ཏ་ཀུང་ཚགས་པར》གྱིས་དར་ཆ་གསལ་སྟོན་ངང་དྲང་ཕྱོགས་ཀྱི་འབོད་སྒྲ་སྒྲོག་པ་དང་། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་ཤང་ཀང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། ཤང་ཀང་དང་ནང་སའི་དབར་སྤེལ་རེས་ཟབ་ཏུ་གཏོང་བ། མི་སེམས་ནང་འཁོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་ཕུལ་ཡོད།
     《ཏ་ཀུང་ཚགས་པར》གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་རྒྱལ་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། བློ་རྩ་བརྟན་པོས་གསར་གཏོད་འཕེལ་རྒྱས་གཏོང་བ། བརྒྱུད་བསྒྲགས་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་འཁྱོངས་ཡོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དེ་བས་ངོ་མཚར་ཆེ་བའི་དུས་རབས་ཀྱི་ལེའུ་རྩོམ་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་།
     2022ལོའི་ཟླ་6ཚེས་12ཉིན།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་12ཉིན་འབྱོར་བའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། 《ཏ་ཀུང་ཚགས་པར》བཏོན་ནས་ལོ་ངོ་120འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ལས་བཟོ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
     རྟེན་འབྲེལ་འཕྲིན་ཡིག་ནང་། ཞི་ཅིན་ཕིང་གིས་དུས་རབས་གཅིག་ལྷག་ཙམ་རིང་། 《ཏ་ཀུང་ཚགས་པར》གྱིས“རང་ཞེན་འདོར་བ་ནི་ཆེན་པོ་དང་། སྒེར་སེམས་མེད་པ་ནི་སྤྱི་པའོ”ཞེས་པའི་ཚགས་པར་གཉེར་བའི་དམིགས་ཡུལ་གཞིར་བཟུང་། སྤྱི་དོན་དུ་གཏམ་བརྗོད་དང་རྒྱལ་ཁབ་ཆེད་རྩོམ་ཡིག་སྤེལ་ནས་ཀྲུང་གོ་གསར་པའི་འཛུགས་སྐྲུན་དང་། སྒྱུར་བཅོས་སྒོ་དབྱེ། དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་ཆེད་དང་། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་དང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། དུས་རབས་གསར་པར་སླེབས་སྐབས《ཏ་ཀུང་ཚགས་པར》གྱིས་དར་ཆ་གསལ་སྟོན་ངང་དྲང་ཕྱོགས་ཀྱི་འབོད་སྒྲ་སྒྲོག་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་ཤང་ཀང་གི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། ཤང་ཀང་དང་ནང་སའི་དབར་སྤེལ་རེས་ཟབ་ཏུ་གཏོང་བ། མི་སེམས་ནང་འཁོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་བསྟན་གནང་བ་རེད།
     ཞི་ཅིན་ཕིང་གིས། 《ཏ་ཀུང་ཚགས་པར》གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་རྒྱལ་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། བློ་རྩ་བརྟན་པོས་གསར་གཏོད་འཕེལ་རྒྱས་གཏོང་བ། བརྒྱུད་བསྒྲགས་བྱེད་ནུས་དང་ཤུགས་རྐྱེན་ཐེབས་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་འཁྱོངས་ཡོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དེ་བས་ངོ་མཚར་ཆེ་བའི་དུས་རབས་ཀྱི་ལེའུ་རྩོམ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད། (རྟེན་འབྲེལ་འཕྲིན་ཡིག་ཆ་ཚང་ལོགས་སུ་འགོད་རྒྱུ)
     《ཏ་ཀུང་ཚགས་པར》བཏོན་ནས་ལོ་ངོ་120འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཚེས་12ཉིན་གྱི་ཕྱི་དྲོ་ཤང་ཀང་དུ་འཚོགས་ཤིང་། མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་པ་རེད།
     《ཏ་ཀུང་ཚགས་པར》ནི་1902ལོའི་ཟླ་6ཚེས་17ཉིན་བཏོན་པ་དང་། དེ་ནི་མིག་སྔར་འཛམ་གླིང་ཐོག་སྔར་བཞིན་འགྲེམས་སྤེལ་བྱེད་བཞིན་པའི་ལོ་རྒྱུས་རིང་ཤོས་ཀྱི་རྒྱ་ཡིག་ཚགས་པར་ཞིག་རེད། 2016ལོར་ཤང་ཀང《ཝུན་ཧུའེ་ཚགས་པར》དང་ཟླ་སྒྲིལ་བཏང་ནས་ཤང་ཀང་ཏ་ཀུང་ཝུན་ཧུའེ་སྨྱན་སྦྱོར་ཚོགས་པ་བཙུགས་རྗེས། མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་ཤང་ཀང་ལ་གཞི་ཚུགས་པ་དང་གོ་ལ་ཧྲིལ་པོའི་ཕྱི་ཁོངས་ཀྲུང་གོ་བར་ཕྱོགས་པའི་ཀུན་འདུས་སྨྱན་སྦྱོར་བརྒྱུད་བསྒྲགས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

  
style="display:none;"