མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་ལ་ས་ཡོམ་གྱི་གནོད་འཚེ་ཕོག་པར་ཧྥི་ལི་ཕིན་གྱི་ཙུང་ཐུང་མཱ་ཁོ་སིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་01ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་ལ་ས་ཡོམ་གྱི་གནོད་འཚེ་ཕོག་པར་ཧྥི་ལི་ཕིན་གྱི་ཙུང་ཐུང་མཱ་ཁོ་སིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་ལ་ས་ཡོམ་གྱི་གནོད་འཚེ་ཕོག་སྟེ་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་བཟོས་པ་གློ་བུར་དུ་ཤེས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་མ་ཟད། ང་རང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མི་དང་རྨས་མ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུ་རྒྱུ་ཡིན། ཙུང་ཐུང་མཱ་ཁོ་སི་དང་ཧྥི་ལི་ཕིན་སྲིད་གཞུང་གི་འགོ་ཁྲིད་འོག་གེགས་ཁུལ་གྱི་དམངས་ཚོགས་ཚོས་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། 

  
style="display:none;"