མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་དབྱི་རེ་ཧྥུའུ་སི་ཁེ་གྲོང་ཁྱེར་གྱི་སློབ་གྲྭར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན
་པའི་སྐོར་ལ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་སེམས་གསོའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་29ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུའི་དབྱི་རེ་ཧྥུའུ་སི་ཁེ་གྲོང་ཁྱེར་གྱི་སློབ་གྲྭར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པའི་སྐོར་ལ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་ལ་སེམས་གསོའི་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་སེམས་གསོའི་གློག་འཕྲིན་ནང་ཁྱེད་རྒྱལ་ཁབ་ཀྱི་དབྱི་རེ་ཧྥུའུ་སི་ཁེ་གྲོང་ཁྱེར་གྱི་སློབ་གྲྭར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་པ་གློ་བུར་དུ་གོ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུ་རྒྱུ་དང་ཆབས་ཅིག་ང་རང་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། 

  
style="display:none;"