མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བརྗོད་དོན་
གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་29ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་9ཚེས་27ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་འགྲེམས་སྟོན་ཁང་དུ“དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ།

ཟླ་9ཚེས་27ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཀྱིས་པེ་ཅིང་འགྲེམས་སྟོན་ཁང་དུ“དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ།

ཞི་ཅིན་ཕིང་གིས“དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐབས།
    འབད་འབུངས་ཡར་བརྩོན་དང་། ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས་ཞེས་ནན་བཤད་གནང་བ།
    ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་འགྲེམས་སྟོན་ལ་གཟིགས་པ།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་ཡུན་རིང་པོར་ཐག་ཆོད་མི་ཐུབ་པའི་དཀའ་གནད་མང་པོ་བསལ་བ་དང་། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་བསྒྲུབས་པ། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་གི་ཚོད་བགམ་ཐེག་པ་བཅས་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད། ལོ་བཅུའི་རིང་གི་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཚད་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་དེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དྲིལ་བསྒྲགས་བཅས་བྱས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་དང་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་བར་སྐུལ་ལྕག་བྱས་ནས་འབད་འབུངས་ཡར་བརྩོན་དང་། ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ཞིག་བརྩམས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས།
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་ཉེར་ཡོད་པའི་མཚམས་སུ། ཚེས་27ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས“དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་ཡུན་རིང་པོར་ཐག་ཆོད་མི་ཐུབ་པའི་དཀའ་གནད་མང་པོ་བསལ་བ་དང་། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་བསྒྲུབས་པ། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ལས་བྱུང་བའི་ཉེན་ཁ་དང་འགྲན་སློང་གི་ཚོད་བགམ་ཐེག་པ་བཅས་ལས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད། ལོ་བཅུའི་རིང་གི་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན། ཚད་བརྒལ་རང་བཞིན་གྱི་འཕེལ་རིམ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་བཅས་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ་དང་། ལོ་བཅུའི་རིང་གི་འཕོ་འགྱུར་རླབས་པོ་ཆེ་དེ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།
   ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དྲིལ་བསྒྲགས་བྱས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་དང་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་ཆེ་རུ་གཏོང་བར་ལྕག་སྐུལ་བྱས་ནས་འབད་འབུངས་ཡར་བརྩོན་དང་། ཞུམ་མེད་མདུན་སྐྱོད། མཐུན་སྒྲིལ་འབད་འཐབ་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལེའུ་གསར་པ་ཞིག་བརྩམས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་དགོས་ཞེས་གསུངས་པ་རེད།
    ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་45ལ། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་པེ་ཅིང་འགྲེམས་སྟོན་ཁང་དུ་ཕེབས་ནས་འགྲེམས་སྟོན་ལ་གཟིགས་པ་རེད། འགྲེམས་སྟོན་དེར“དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་གཙོ་རྐང་དུ་བྱས་ནས་དུས་རབས་གསར་པའི་ལོ་བཅུའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་རླབས་པོ་ཆེའི་གྲུབ་འབྲས་དང་འཕོ་འགྱུར་རླབས་པོ་ཆེར་དམིགས་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པར་བྱས་པ་མ་ཟད། འཕོ་འགྱུར་རྒྱབ་ཀྱི་སྟོབས་ཤུགས་དང་སྒུལ་ནུས་ཀྱང་གསལ་པོར་བསྟན་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་སྣེ་ཁྲིད་དང་བསམ་བློའི་མཛུབ་ཁྲིད་མངོན་པར་བྱས་པ་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱེད་པའི་རྣམ་པ་བཟང་པོའང་གསལ་པོ་བསྟན་ཡོད། འགྲེམས་སྟོན་ལ་གླེང་གཞིའི་ཚོམས་ཆེན་དང་། ཀྲུང་དབྱང་ཕྱོགས་བསྡུས་འགྲེམས་ཁུལ། ས་གནས་ཀྱི་འགྲེམས་ཁུལ། རྒྱང་ལྟའི་འགྲེམས་ཁུལ། ཁང་ཕྱིའི་འགྲེམས་ཁུལ། མཉམ་འགུལ་འགྲེམས་ཁུལ་བཅས་འགྲེམས་ཁུལ་6བཙུགས་ཡོད་པ་དང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3ལྷག་ཙམ་ཟིན་པར་པར་རིས་དང་། དངོས་རྫས། དཔེ་དབྱིབས་སོགས་འགྲེམས་སྟོན་གྱི་རྒྱུ་ཆ་ཁག་6000ལྷག་ཙམ་སྤྱད་ཡོད་པས་ཟུར་ཕྱོགས་མང་ལ་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་རེད།
   རང་རྒྱལ་གྱི་ཚན་རྩལ་ཆུ་ཚད་དང་བཟོ་སྐྲུན་བྱེད་ནུས་ཆེ་རུ་ཕྱིན་པ་མངོན་པའི་རང་བརྟེན་ཞིབ་འཇུག་གསར་སྤེལ་གྱི་འགག་རྩའི་ཐོན་རྫས་དང་དཔེ་དབྱིབས་དང་། བྱས་རྗེས་དང་གཟི་བརྗིད་མཚན་སྙན་གྱི་གཟེངས་བསྟོད་མ་ལག་ཉིན་བཞིན་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཚང་དུ་ཕྱིན་པ་མཚོན་པའི་བྱས་རྗེས་གཟེངས་རྟགས་དང་བྱ་དགའི་གཟེངས་རྟགས། རྒྱལ་ཁབ་རིམ་པའི་དཔེ་སྐྲུན་རྣམ་གྲངས་གལ་ཆེན《བསྐྱར་དར་རིག་མཛོད》དབུལ་སྒྲོལ་འགག་སྒྲོལ་དང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གྱི་ལོ་རྒྱུས་འཕེལ་རིམ་གསོན་ཉམས་དོད་པོས་བསྐྱར་དུ་མངོན་པའི་དངོས་རྫས་དང་། དཔེ་རིས། པར་རིས། “གཞི་རྩ་ལྔའི”བར་སྣང་དང་ས་ངོས་གཞི་གཅིག་ཅན་མཐུན་སྦྱོར་གྱི་སྐྱེ་ཁམས་ཁོར་ཡུག་གི་ལངས་གཟུགས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་མ་ལག་གི་ལད་ཟློས་བྱེ་གཞོང་། གོ་མཚོན་སྒྲིག་ཆས་ཀྱི་དཔེ་དབྱིབས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བའི་གོ་དོན་ཟབ་མོ་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བྱས་འབྲས་མངོན་པའི་འགྲེམས་པང་དང་དངོས་རྫས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པའི་ལངས་གཟུགས་གློག་རྡུལ་ས་བཀྲ། འཆར་འགོད་འཛུགས་སྐྲུན་དང་། ལྕགས་ལམ་འགྲིམ་འགྲུལ། ཚན་རྩལ་གསར་གཏོད་སོགས་ཐད་ཀྱི་བཀྲག་མདངས་འཚེར་བའི་གྲུབ་འབྲས་མངོན་པའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་བྱེ་གཞོང་སོགས་དངོས་རྫས་དང་དཔེ་དབྱིབས་རེ་རེ་དང་། གསོན་ཉམས་དོད་པའི་བརྙན་ལམ་རེ་རེ། པར་རིས་དང་དཔེ་རིས་རེ་རེ་བཅས་ཀྱིས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ཚོའི་ཐུགས་དབང་བཀུག་ཅིང་། ཁོང་རྣམ་པས་ཕེབས་ཞོར་དུ་གཟིགས་པ་དང་འགྲེལ་བཤད་གསན་ནས་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་རེད།

  
style="display:none;"