འཚོལ་བཤེར།   
藏文频道
2023ལོའི་ཟླ་3ཚེས་16ཉིན།

༄༅།།བློ་མཐུན་ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས། 

 
༄༅།།བློ་མཐུན་ཞི་ཅིན་ཕིང་གི་ལོ་རྒྱུས་མདོར་བསྡུས།
   ཞི་ཅིན་ཕིང་། སྐྱེས་པ། རྒྱ་རིགས། 1953ལོའི་ཟླ་6པར་འཁྲུངས། ཧྲའན་ཤིས་ཧྥུའུ་ཕིང་བ། 1969ལོའི་ཟླ་དང་པོར་ལས་ཀར་ཞུགས། 1974ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཆིང་ཧྭ་སློབ་ཆེན་མི་ཆོས་རིག་གནས་སྤྱི་ཚོགས་སློབ་གླིང་གི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཁྲིམས་རིག་པའི་འབུམ་རམས་པའི་སློབ་གནས་ཐོབ།
   ད་ལྟ་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཀྱི་འགན་བཞེས་བཞིན་ཡོད།
(ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། 2023ལོའི་ཟླ་3པར་གསར་སྒྱར་བྱེད།)