ཏིང་ཤུའེ་ཞང་། སྐྱེས་པ། རྒྱ་རིགས། 1962ལོའི་ཟླ་9པར་འཁྲུངས། ཅང་སུའུ་ནན་ཐུང་བ། 1982ལོའི་ཟླ་8པར་ལས་ཀར་ཞུགས། 1984ལོའི་ཟླ་10པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ཕུའུ་ཏན་སློབ་ཆེན་དོ་དམ་སློབ་གླིང་སྲིད་འཛིན་དོ་དམ་ཆེད་ལས་ནས་ཐོན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། གནས་ལུགས་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ། དགེ་རྒན་ཆེ་མོ་བ་རིམ་པའི་མཐོ་རིམ་བཟོ་བཀོད་ཆེ་མོ་བ།
ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་བཞིན་ཡོད། (ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། 2023ལོའི་ཟླ་3པར་གསར་སྒྱར་བྱེད།)