ལི་ཞི། སྐྱེས་པ། རྒྱ་རིགས། 1956ལོའི་ཟླ་10པར་འཁྲུངས། ཀན་སུའུ་ལེང་ཏང་བ། 1975ལོའི་ཟླ་7པར་ལས་ཀར་ཞུགས། 1982ལོའི་ཟླ་དང་པོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ནུབ་བྱང་དགེ་འོས་སློབ་གླིང་རྒྱ་ཡིག་ཚན་ཁག་གི་རྒྱའི་སྐད་ཡིག་རྩོམ་རིག་ཆེད་ལས་ནས་ཐོན། སློབ་ཆེན་གྱི་སློབ་རྒྱུས་ལྡན། མཐོ་རིམ་དོ་དམ་པའི་བཟོ་ཚོང་དོ་དམ་རབ་འབྱམས་པའི་སློབ་གནས་ཐོབ།
ད་ལྟ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།
(ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། 2022ལོའི་ཟླ་10ཚེས་28ཉིན། གསར་སྒྱུར་བྱེད།)