མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་ཞུགས་པ་དང་འབྲེལ་
གསུང་བཤད་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་17ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པ་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ《དུས་རབས་ཀྱི་འགྲན་སློང་མཉམ་དུ་བསུས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པ་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ《དུས་རབས་ཀྱི་འགྲན་སློང་མཉམ་དུ་བསུས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་སྐྲུན་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ།

   ■ དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད། འདི་ནི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་རེད། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་པ་དང་། འཛམ་གླིང་དཔལ་འབྱོར་གྱི་ཉམས་ཞན་རང་བཞིན་དེ་བས་མངོན་གསལ་དོད་པ། ས་འབྲེལ་ཆབ་སྲིད་ཀྱི་དུས་བབ་ཛ་དྲག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་འཐུས་ཤོར་ཚབས་ཆེན་བྱུང་བ། འབྲུ་རིགས་དང་ནུས་རྒྱུ་སོགས་ཀྱི་ཉམས་ཉེན་སྣ་ཚོགས་གཅིག་ཐོག་གཉིས་བརྩེགས། མིའི་རིགས་ཀྱི་འཕེལ་རྒྱས་ལ་འགྲན་སློང་གལ་ཆེན་འཕྲད་པ་བཅས་རེད། རྒྱལ་ཁབ་ཁག་གིས་མིའི་རིཌ་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་དར་སྤེལ་བཏང་སྟེ། མཐུན་སྒྲིལ་གྱིས་ཁ་ཕྲལ་གྱི་ཚབ་བྱེད་པ་དང་། མཉམ་ལས་ཀྱིས་ཁ་གཏད་ཀྱི་ཚབ་བྱེད་པ། བསྟུན་མཁས་ཀྱིས་གཞན་ཕྱིར་འབུད་ཀྱི་ཚབ་བྱེད་པ་བཅས་བྱས་ནས། “འཛམ་གླིང་གང་བྱས་པ་རེད་དམ། ང་ཚོས་གང་འདྲ་བྱེད་དགོས་སམ”ཞེས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་དེ་ཐུན་མོང་ཐོག་ཐག་གཅོད་བྱས་ནས་མཉམ་དུ་དཀའ་གནད་ལས་སྒྲོལ་བ་དང་མཉམ་དུ་འབྱུང་འགྱུར་གཏོད་དགོས།
    ■ ཉེ་དུས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ནས་ཀྲུང་གོའི་འབྱུང་འགྱུར་གྱི་ལོ་5དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་མཛད་ཇུས་གལ་ཆེན་ཇུས་འགོད་བྱས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན། དེང་རབས་ཅན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་བཞིན་པའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་ངེས་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྒུལ་ཤུགས་དེ་བས་ཆེ་བ་སྦྱིན་ཐུབ་ངེས། མིའི་རིགས་ཡོངས་ཀྱི་ཡར་ཐོན་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
    ཤིན་ཧྭ་གསར་འགྱུར་ཁང་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་15ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པ་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ། 《དུས་རབས་ཀྱི་འགྲན་སློང་མཉམ་དུ་བསུས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས》ཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
    ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད། འདི་ནི་འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་རེད། མིག་སྔར་ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་པ་དང་། འཛམ་གླིང་དཔལ་འབྱོར་གྱི་ཉམས་ཞན་རང་བཞིན་དེ་བས་མངོན་གསལ་དོད་པ། ས་འབྲེལ་ཆབ་སྲིད་ཀྱི་དུས་བབ་ཛ་དྲག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་འཐུས་ཤོར་ཚབས་ཆེན་བྱུང་བ། འབྲུ་རིགས་དང་ནུས་རྒྱུ་སོགས་ཀྱི་ཉམས་ཉེན་སྣ་ཚོགས་གཅིག་ཐོག་གཉིས་བརྩེགས། མིའི་རིགས་ཀྱི་འཕེལ་རྒྱས་ལ་འགྲན་སློང་གལ་ཆེན་འཕྲད་པ་བཅས་རེད། རྒྱལ་ཁབ་ཁག་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་དར་སྤེལ་བཏང་སྟེ། མཐུན་སྒྲིལ་གྱིས་ཁ་ཕྲལ་གྱི་ཚབ་བྱེད་པ་དང་། མཉམ་ལས་ཀྱིས་ཁ་གཏད་ཀྱི་ཚབ་བྱེད་པ། བསྟུན་མཁས་ཀྱིས་གཞན་ཕྱིར་འབུད་ཀྱི་ཚབ་བྱེད་པ་བཅས་བྱས་ནས། “འཛམ་གླིང་གང་བྱས་པ་རེད་དམ། ང་ཚོས་གང་འདྲ་བྱེད་དགོས་སམ”ཞེས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་དེ་ཐུན་མོང་ཐོག་ཐག་གཅོད་བྱས་ནས་མཉམ་དུ་དཀའ་གནད་ལས་སྒྲོལ་བ་དང་མཉམ་དུ་འབྱུང་འགྱུར་གཏོད་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མི་ཚང་མ་འཛམ་གླིང་དང་ས་ཁུལ་གྱི་རྒྱལ་ཁབ་ཆེན་པོ་ཤ་སྟག་ཡིན་པས། ངེས་པར་དུ་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་དང་མིག་དཔེའི་ནུས་པ་བཏོན་ནས། རྒྱལ་ཁབ་ཁག་ལ་འཕེལ་རྒྱས་དོན་གཉེར་དང་། མིའི་རིགས་ལ་བདེ་རྩ་དོན་གཉེར། འཛམ་གླིང་ལ་ཡར་རྒྱས་དོན་གཉེར་བཅས་བྱེད་དགོས།
     ང་ཚོས་དེ་བས་བསྟུན་མཁས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། ཁ་ཕྲལ་ལ་མདུན་ལམ་མེད། ང་ཚོ་སའི་གོ་ལ་གཅིག་གི་ཐོག་འཚོ་བ་སྐྱེལ་བཞིན་ཡོད་པས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཕྱོགས་ནས་ཕྱར་བ་གྲུ་འདེགས་བྱེད་དགོས།
    ང་ཚོས་དེ་བས་ཀུན་ཕན་གྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བ་ནི་དོན་དམ་པའི་འཕེལ་རྒྱས་ཤིག་ཡིན། འཛམ་གླིང་གི་དར་རྒྱས་དང་བརྟན་ལྷིང་དེ་དབུལ་པོ་ཇི་ཙམ་གྱིས་དབུལ་པོར་འགྱུར་བ་དང་ཕྱུག་པོ་དེ་ཙམ་གྱིས་ཕྱུག་པོར་འགྱུར་བའི་རྨང་གཞིའི་ཐོག་འཛུགས་མི་རུང་། རྒྱལ་ཁབ་ཚང་མས་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་རེ་བ་འཆང་བཞིན་ཡོད། དེང་རབས་ཅན་ནི་རྒྱལ་ཁབ་གང་ཞིག་གི་དམིགས་བསལ་དབང་ཆ་མིན། མདུན་དུ་སྐྱོད་བཞིན་པའི་རྒྱལ་ཁབ་ཀྱིས་ལྷག་བསམ་རྣམ་དག་ངང་རྒྱལ་ཁབ་གཞན་དག་འཕེལ་རྒྱས་འགྲོ་བར་རོགས་རམ་བྱས་ནས་གོ་ལ་ཧྲིལ་པོའི་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱེད་དགོས། རྒྱལ་ཁབ་ཆེན་པོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཁུར་ནས། ཚང་མས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ཆེད་སེམས་ནུས་ཡོད་རྒུ་འདོན་དགོས། (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད) ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་ལྷོ་ལྷོ་མཉམ་ལས་ཀྱི་ཐེབས་རྩ་བཙུགས་ནས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩར་མ་དངུལ་གཏོང་ཤུགས་མང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་100ལྷག་ཙམ་དང་མཉམ་དུ་གྲོས་འགོ་དེར་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་ཆེད་རམ་འདེགས་གསར་པ་མཁོ་འདོན་བྱེད་ཀྱི་ཡིན།
    ང་ཚོས་དེ་བས་མཉེན་ཤུགས་ལྡན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དཔལ་འབྱོར་གོ་ལ་ཅན་ལ་འགོག་རྐྱེན་ཆེན་པོ་ཕྲད་པ་དང་འཛམ་གླིང་གི་དཔལ་འབྱོར་ལ་ཉམས་རྒུད་ཀྱི་ཉེན་ཁ་ཕྲད་པས། ཚང་མའི་འཚོ་བར་དཀའ་ངལ་ཕྲད་པ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དེ་བས་དཀའ་ངལ་ཆེན་པོ་ཕྲད་ཡོད། ང་ཚོས་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་འཕེལ་རྒྱས་ཀྱི་གནད་དོན་ལ་དེ་བས་མཐོང་ཆེན་བྱེད་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་རོགས་ཟླའི་འབྲེལ་བ་འཛུགས་པར་འཕེལ་རྒྱས་སྔོན་ལ་འཇོག་པ་དང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཀའ་གནད་ལ་ཐོག་མཐའ་བར་གསུམ་དུ་བསམ་བློ་གཏོང་བ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོ་ཁུར་ལ་ལྟ་རྟོག་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་མནའ་འབྲེལ་རྒྱལ་ཁབ་ཉི་ཤུ་ཚོགས་པར་ཞུགས་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཕྱོགས་ཁག་གིས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོར་དངུལ་ལོར་འགྲེམས་ཐལ་ཤོར་བར་བཀག་འགོག་དང་། མ་ལག་རང་བཞིན་གྱི་དཔལ་འབྱོར་དངུལ་རྩའི་ཉེན་ཁ་སེལ་དགོས་པ་དང་ཆབས་ཅིག དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་དངུལ་ལོར་གྱི་སྲིད་ཇུས་ལེགས་སྒྲིག་བྱེད་པའི་ལྡོག་ཕྱོགས་ཀྱི་ཕྱིར་འཐོར་ནུས་འབྲས་ཉུང་དུ་གཏོང་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུན་དབང་འཛིན་མཁན་གཙོ་བོ་ཡིན་པའི་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་དང་ཚོང་ལས་བུན་བདག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བུ་ལོན་ནར་འགྱངས་བྱེད་པའི་བྱ་སྤྱོད་ལ་ཞུགས་དགོས། བུ་ལོན་ནར་འགྱངས་སྐོར་གྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་འགོ་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་བུ་ལོན་ནར་འགྱངས་ཀྱི་བསྡོམས་འབོར་དེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིའི་ཁྲོད་མང་ཤོས་ཟིན་ནས་འཕེལ་རྒྱས་འགྲོ་བཞིན་པའི་འབྲེལ་ཡོད་རྒྱལ་ཁབ་དཀའ་གནད་ལས་སྒྲོལ་བར་རྒྱབ་སྐྱོར་བྱས་ཡོད།
    ང་ཚོས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་མུ་མཐུད་སྲུང་སྐྱོང་བྱེད་པ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཚོང་དོན་དང་མ་དངུལ་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་གྲངས་འཛིན་གསར་གཏོད་ཀྱི་མཉམ་ལས་བྱ་སྤྱོད་འཆར་གཞི་བཏོན་ཏེ་ཕྱོགས་ཁག་དང་མཉམ་དུ་སྒོ་དབྱེ་དང་། འདྲ་མཉམ། མཐོང་ཆུང་མེད་པ་བཅས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་བཏོད་ནས་ལྷོ་བྱང་རྒྱལ་ཁབ་དབར་གྱི་གྲངས་འཛིན་འགལ་རྐྱེན་ཆུང་དུ་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད། གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ཕྱོགས་སྒྱུར་ལ་ཕྱོགས་པར། ངེས་པར་དུ་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་ལྟར་མ་དངུལ་དང་། ལག་རྩལ། ནུས་པ་འཛུགས་སྐྱོང་སོགས་ཀྱི་ཐད་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་དགོས། རུལ་སུངས་ལ་ཐར་པ་གཏན་ནས་མི་གཏོང་བ་མཐའ་འཁྱོངས་བྱས་ནས་མི་རྒྱུ་གཉིས་འདེད་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་འགྲན་སློང་ཞིག་རེད། མིག་སྔའི་ཉམས་ཉེན་གྱི་འབྱུང་རྩ་ཐོན་སྐྱེད་དང་དགོས་མཁོའི་གནད་དོན་ཞིག་མིན་པར་མཁོ་སྤྲོད་འཁོར་འབྲེལ་ལ་གནད་དོན་ཐོན་པ་དང་རྒྱལ་སྤྱིའི་མཉམ་ལས་ལ་འགོག་རྐྱེན་ཕྲད་པ་དེ་རེད། ཐག་གཅོད་ཀྱི་ཐབས་ལམ་ནི་ཁྲོམ་རའི་ལྟ་འདོམས་མཉམ་ལས་ལ་ཤུགས་སྣོན་དང་། ཚོང་ཟོག་འབོར་ཆེན་གྱི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པ། སྒོ་དབྱེ་དང་། བརྟན་ལྷིང་། རྒྱུན་མཐུད་བཅས་ཀྱི་ཚོང་ཟོག་འབོར་ཆེན་གྱི་ཁྲོམ་ར་གཏོད་པ། ཐུན་མོང་ཐོག་མཁོ་སྤྲོད་འཁོར་འབྲེལ་ཤར་བགྲོད་ཐུབ་པ། ཁྲོམ་རའི་རིན་གོང་བརྟན་པོ་ཡོང་བ་བཅས་བྱེད་དགོས། འབྲུ་རིགས་དང་ནུས་རྒྱུའི་གནད་དོན་ཆབ་སྲིད་ཅན་དང་། ལག་ཆ་ཅན། མཚོན་ཆ་ཅན་བཅས་སུ་འགྱུར་བར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཕྱོགས་རྐྱང་པའི་བཀག་སྡོམ་བྱེད་ཐབས་དང་ཚན་རྩལ་མཉམ་ལས་ཀྱི་འབྲེལ་ཡོད་ཚོད་འཛིན་མེད་པར་བཟོ་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པས་ཐོན་སྐྱེད་དང་། གསོག་ཉར། མ་དངུལ། ལག་རྩལ་སོགས་ཀྱི་ཐད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པར་རྒྱལ་སྤྱིའི་འབྲུ་རིགས་བདེ་འཇགས་མཉམ་ལས་ཀྱི་གྲོས་འགོ་བཏོན་ནས་ཕྱོགས་ཁག་དང་མཉམ་ལས་གཏིང་ཟབ་བྱེད་པའི་རེ་སྒུག་བྱེད་བཞིན་ཡོད།
    མཇུག་ཏུ་ཞི་ཅིན་ཕིང་གིས། ཉེ་དུས་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ནས་ཀྲུང་གོའི་འབྱུང་འགྱུར་ལོ་5དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་དང་མཛད་ཇུས་གལ་ཆེན་ཇུས་འགོད་བྱས་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་གི་ཡིན། དེང་རབས་ཅན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་བཞིན་པའི་ཀྲུང་གོས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་དང་། རྒྱལ་སྤྱིའི་མཉམ་ལས་ལ་སྒུལ་ཤུགས་དེ་བས་ཆེ་བ་སྦྱིན་པ། མིའི་རིགས་ཡོངས་ཀྱི་ཡར་ཐོན་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་བཅས་བྱེད་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།
    ཝང་དབྱི་དང་ཧོ་ལི་ཧྥུང་སོགས་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།