མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་ཁང་གི་རིག་གཞུང་ཚོགས་ཆེན་
སྐབས་16པ་དང་ཡོན་ཧྲིའི་ཚོགས་ཆེན་སྐབས་30པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་23ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་ཁང་གི་རིག་གཞུང་ཚོགས་ཆེན་སྐབས་16པ་དང་ཡོན་ཧྲིའི་ཚོགས་ཆེན་སྐབས་30པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྨང་གཞིའི་ཚན་རིག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་སྤྱིའི་ཚན་རྩལ་ལས་རིགས་སྒོ་དབྱེ་དང་། ཡིད་ཆེས། མཉམ་ལས་བཅས་བྱེད་ཟབ་ཏུ་བཏང་ནས། ཚན་རིག་དར་རྒྱས་གོང་འཕེལ་ལ་བརྟེན་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོར་སྐུལ་འདེད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཅས་ཀྱི་ཆེད་ལེགས་སྐྱེས་ཀྱང་འབུལ་འདོད་ཡོད།
    ཚེས་21ཉིན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་ཁང་གི་རིག་གཞུང་ཚོགས་ཆེན་སྐབས་16པ་དང་ཡོན་ཧྲིའི་ཚོགས་ཆེན་སྐབས་30པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་དང་། དེའི་བརྗོད་དོན་གཙོ་བོ་ནི“རྨང་གཞིའི་ཚན་རིག་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐབས་ཇུས་ལ་བརྩི་སྲུང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ཞིང་། དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རིག་ཁང་གིས་གཙོ་གཉེར་བྱས་པ་དང་། ཀྲེ་ཅང་སློབ་ཆེན་གྱིས་གཉེར་འགན་ཁུར་བ། ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་ཀྲུང་གོ་ཚན་རིག་ཁང་གིས་རོགས་གཉེར་བྱས་པ་ཞིག་རེད།