མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་23ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

འདི་ནི་ཟླ་12ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོར་འཚམས་འདྲི་གནང་བར་གདན་དྲངས་པའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།

འདི་ནི་ཟླ་12ཚེས་21ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོར་འཚམས་འདྲི་གནང་བར་གདན་དྲངས་པའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་ཡུས་ཐའེ་རྒྱལ་ཁབ་གསོལ་མགྲོན་ཁང་དུ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོར་འཚམས་འདྲི་གནང་བར་གདན་དྲངས་པའི་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཕུའུ་དང་མཇལ་འཛོམས་གནང་བ་རེད།
     ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་བརྒྱུད་སྤྲོད་གནང་རོགས་ཞུས་ཤིང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལྟེ་བའི་ལས་འགན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བཏོན་ཡོད། ང་ཚོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་ཡག་པོ་སྐྱོད་པའི་གདེང་སྤོབས་དང་ཡིད་ཆེས་ཆེན་པོ་ཡོད་ལ། འཛམ་གླིང་ཞི་བདེ་དང་དར་རྒྱས་ཡོང་རྒྱུར་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་དང་གཅིག་གྱུར་ཨུ་རུ་སུའི་ཏང་གིས་དུས་ཡུན་རིང་པོར་ལམ་སྲོལ་ཅན་གྱི་སྤེལ་རེས་མང་པོ་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སུའི་ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ལས་མངོན་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཐབས་ལམ་དང་ལས་སྟེགས་སུ་འགྱུར་ཏེ་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། མིག་སྔར་ཀྲུང་ཨུའི་སྲིད་འཛིན་ཏང་གི་སྤེལ་རེས་དེ“ལོ་10པ་གསུམ་པར”སླེབས་ཡོད། ཏང་གཉིས་པོས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ལ་མུ་མཐུད་དམིགས་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། སྲིད་ཏང་གི་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྤེལ་རེས་གཏིང་ཟབ་བྱས་ནས་སྲིད་འཛིན་ཏང་འཛུགས་སྐྱོང་ལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཐད་དང་ཀྲུང་ཨུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཟབ་ཏུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུཌ་ལེགས་སྐྱེས་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་འདས་ཟིན་པའི་ལོ་10ཡི་རིང་ཀྲུང་ཨུའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་ཆེ་བའི་ཚོད་བགམ་ཐེག་ནས་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་ལྷིང་གི་ཆུ་ཚད་མཐོ་བའི་འཕེལ་རྒྱས་བྱུང་ཡོད། ཀྲུང་ཨུས་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཀྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་བཏང་བ་ནི་ཕྱོགས་གཉིས་པོས་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་བཏོན་པའི་ཡུན་རིང་གི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་ཨུའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བྱ་བ་དེ་རང་གི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ཏེ་རང་ཉིད་ཀྱི་ལངས་ཕྱོགས་དང་སྲིད་ཇུས་གཏན་འཁེལ་བྱེད་པ་དང་། ཕྱི་རོལ་ཡུལ་དང་མཐུན་པ་དང་དྲང་གཞག་གི་ལངས་ཕྱོགས་བཟུང་སྟེ་ཞི་བའི་གྲོས་མོལ་ལ་སྐུལ་འདེད་ཧུར་ཐག་གཏོང་གི་ཡོད། འབྲེལ་ཡོད་ཕྱོགས་ཁག་གིས་ཚུལ་མཐུན་བཟོད་སྒོམ་བྱས་ནས་ཕྱོགས་ཡོངས་ནས་སྐད་ཆ་ཤོད་རེས་བྱས་ཏེ་ཆབ་སྲིད་ཀྱི་བྱེད་ཐབས་བརྒྱུད་བདེ་འཇགས་ཁྱབ་ཁོངས་ཀྱི་ཐུན་མོང་དོ་ཁུར་ཐག་གཅོད་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད། མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཐོག་མར་ཙུང་ཐུང་ཕུའུ་ཅིང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲིངས་གནང་བའི་སྐུ་ངོ་མའི་མཚན་བཀོད་པའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས་ནས་ཕུའུ་ཅིང་གིས་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུ་ལུགས་ཞུས་པ་རེད། མེ་ཏེ་ཝུའེ་ཅེ་ཕུའུ་ཡིས་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པར་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པར་རྟེན་འབྲེལ་ཞུས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་འགོ་ཁྲིད་དེ་འཕེལ་རྒྱས་དེ་བས་ཆེ་བ་བྱུང་སྟེ་ཀྲུང་གོའི་མི་དམངས་དུང་ཕྱུར་14ལ་ཕན་བདེ་བསྐྲུན་པ་དང་ཆབས་ཅིག་འཛམ་གླིང་ཡོངས་ལའང་དོན་སྙིང་ཆེན་པོ་ལྡན་ཡོད་པས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནུས་ལྡན་ཐུབ་པའི་ཡིད་ཆེས་ཡོད། གཅིག་གྱུར་ཨུ་རུ་སུའི་ཏང་དང་ཀྲུང་གོ་གུང་ཁྲན་ཏང་གི་མཉམ་ལས་ནི་ཨུ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་ཏང་གཉིས་པོའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས་ཕྱོགས་གཉིས་པོས་རྒྱ་ཁྱབ་སྤེལ་རེས་ཀྱི་མཉམ་ལས་བྱས་ཡོད། གཅིག་གྱུར་ཨུ་རུ་སུའི་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག ཕྱི་ཕྱོགས་ཀྱི་གནོན་ཤུགས་སྣ་ཚོགས་དང་དྲང་གཞག་མིན་པའི་བྱ་ཐབས་ལ་ཐུན་མོང་ཐོག་བཀག་འགོག་བཅས་བྱས་ནས། ཨུ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་ཀྱི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཡུག་རེན་གྱི་ཉམས་ཉེན་ལ་རྒྱུ་རྐྱེན་ལྡན་པ་དང་རྙོག་འཛིང་ཧ་ཅང་ཆེ་བས་ཨུ་རུ་སུས་ཞི་བའི་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།
     ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་གཞན་དག་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།
     ཝང་དབྱི་སོགས་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།