འཚོལ་བཤེར།   
藏文频道
2017ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་ཚ་སྡེ་དགུའི་ས་ཡོམ་ཁྲོད་མི་13གྲོངས་པ་དང་མི་175ལ་རྨས་སྐྱོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 08ཚེས་09ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ་དུ། ཟླ་8ཚེས་9ཉིན་གྱི་ཆུ་ཚོད་9:30བར་དུ། གཟི་ཚ་སྡེ་དགུར་ས་ཡོམ་རིམ་པ་7.0བྱུང་སྟེ་མི་13གྲོངས་པ་དང་མི་175ལ་རྨས་སྐྱོན་བྱུང་ཡོད་པ་རེད།
          གསར་འགོད་པས་སི་ཁྲོན་ཞིང་ཆེན་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་གསལ་དུ། ས་ཡོམ་བྱུང་རྗེས། གཟི་ཚ་སྡེ་དགུ་རྫོང་གིས་མཚན་མོ་དེ་རང་ལ་གཟི་ཚ་སྡེ་དགུའི་ཡུལ་ལྗོངས་ཁུལ་གྱི་ཡུལ་སྐོར་བ་ཁྲི་3ལྷག་ཙམ་ཡོད་པ་སྒྲིག་འཛུགས་བྱས་ཏེ་རྫོང་ཐོག་གི་བདེ་འཇགས་ས་ཁུལ་དུ་སྐྱེལ་བ་དང་། ཚེས་9ཉིན་གྱི་ཞོགས་པ་ནས་བཟུང་། ཡུལ་སྐོར་བ་ཁྲི་གསུམ་པོ་དེ་ཚོ་སྔ་གཞུག་ཏུ་མཛེས་ལྗོངས་ཁུལ་ནས་ཁ་བཀྲམ་ཡོད་ལ། ད་ལྟ། གཟི་ཚ་སྡེ་དགུ་རྫོང་གིས་མི་དམངས་ཉེན་རྟོག་པ་དང་། དྲག་ཆས་ཉེན་རྟོག་པ། དམངས་དམག་800ལྷག་ཙམ་བཅས་རྩ་འཛུགས་བྱས་ཏེ་གྲོང་གསེབ་ཀྱི་ཁྱིམ་ཚང་རེ་རེ་བཞིན་དུ་ཕྱིན་ཏེ་མི་སྣ་མྱུར་སྐྱོབ་དང་ཉེན་ཁ་ཞིབ་བཤེར་བྱེད་བཞིན་ཡོད། མཛེས་ལྗོངས་ཁུལ་གྱི་བགྲོད་ལམ་ཁ་ཤས་རྡིབ་སྐྱོན་སོགས་བྱུང་ཡོད་སྟབས། མཛེས་ལྗོངས་ཁུལ་དུ་ཚོད་དཔག་བྱས་ན་སྔར་བཞིན་མི་ཁྲི་1ལྷག་ཙམ་ལུས་ཡོད་པ་དེ་ཚོ་ཚེས་9ཉིན་གྱི་དགོང་མོའི་གོང་ལ་ཚང་མ་ཁ་ཐོར་དུ་འཇུག་རྒྱུ་ཡིན་པ་རེད།
          ཚེས་9ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་རྫོང་དང་ཐག་ཉེ་སར་ཡོད་པའི་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུན་རྫོང་ནས་ཤེས་རྟོགས་བྱུང་གསལ་དུ། ས་ཡོམ་བྱུང་རྗེས། ཡུལ་སྐོར་བ་མང་པོ་ཞིག་ཝུན་རྫོང་གི་མངའ་ཁོངས་ནས་ཁ་འགྲེམ་བཞིན་ཡོད་ལ། ས་གནས་དེ་གས་བྱེད་ཐབས་སྣ་མང་སྤེལ་ཏེ་བགྲོད་ལམ་བདེ་པོ་ཡོང་བར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།