མི་དམངས་དྲ་བ།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 12ཚེས་30ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་12ཚེས་27དང་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་12ཚེས་27དང་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་27དང་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་མཐའ་འཁྱོངས། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ། རང་འགན་ཐེག་པ་འཁུར་ལེན་བྱེད་ཕོད་པ། རྒྱུགས་འབུལ་གྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ་བཅས་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག་ལག་བསྟར་ནན་ཏན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སྦྱོང་བ་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་ནན་པོ་བྱེད་པ་དང་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ་ལོ་གཅིག་རིང་གི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་ཚུལ་ཕྱིར་དྲན་དང་། གྲུབ་འབྲས་ཕྱོགས་སྡོམ། ཞན་ཆ་འཚོལ་བཤེར། ཏང་གཤིས་ལ་དབྱེ་ཞིབ་བཅས་བྱས་པ་མ་ཟད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་བྱས་པ་རེད།
     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཚོགས་འདུ་མ་འཚོག་གོང་། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ནན་ཏན་བྱས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་གླེང་རེས་གནང་བ་དང་བསམ་འཆར་དང་གྲོས་འགོ་གསན་ནས་གཏམ་བཤད་ཀྱི་གནད་བསྡུས་བྲིས་པ་རེད། ཚོགས་འདུའི་ཐོག《2021ལོར་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་སྒྲོན》དང《2021ལོར་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན》ལ་གྲོས་ཞིབ་གནང་བ་རེད། དེ་རྗེས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རིམ་བཞིན་གཏམ་བཤད་གནང་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གནང་བ་རེད།
     ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་གཏམ་བཤད་དེ། ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་ངོས་འཛིན་དང་བསམ་གཞིག་གླེང་བ་དང་འབྲེལ་རང་ཉིད་ཀྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་གྱིས་བཤེར་འདོན་ནན་ཏན་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་དེ་ཐོག་ནས་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་ བའི་རྣམ་འགྱུར་དང་། ནན་ལ་ཏན་ཏིག་གི་བླང་བྱ། སྦ་གསང་མེད་པར་གླེང་བ་དང་ཕན་ཚུན་དྲན་སྐུལ་བྱེད་པའི་རྣམ་པ་བཅས་མངོན་ཡོད་པ་རེད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ཞིག་རེད། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་ནས་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཐེངས་གསུམ་པ་གཏན་ལ་ཕབ་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ། དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་འགོ་ཚུགས་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པ་བཅས་རེད། ལོ་གཅིག་རིང་། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་ཤུགས་ཆེན་མཆེད་པའི་ཤུགས་རྐྱེན་ཉིས་བརྩེགས་དང་། རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཁག་ཧ་ཅང་ལྗིད་རྫོབ་དང་དཀའ་ཚེགས་ཆེ་བའི་སྐབས་སུ། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་གོམ་སྟབས་གསར་པ་སྤོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་མགྱོགས་མྱུར་སྟོབས་ཆེར་ཕྱིན་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་པ། དམངས་འཚོ་འགན་ལེན་ནུས་ལྡན་དང་ཕན་ནུས་ལྡན་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ། སྤྱི་ཚོགས་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་ཐུབ་པ། རང་བྱུང་གནོད་འཚེ་ཚབས་ཆེན་སྣ་ཚོགས་ལས་རྣམ་པར་རྒྱལ་བ། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཏན་ཏིག་ནུས་ལྡན་བྱུང་བ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གོ་ལ་ཧྲིལ་པོའི་ཨང་དང་པོའི་གནས་བབ་རྒྱུན་འཁྱོངས་ཐུབ་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་བཙུགས་ཐུབ་པ་བཅས་བྱུང་ཡོད།
     ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་པ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་མ་ཟད། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ངོས་འཛིན་ཟབ་ཏུ་གཏོང་བ་དང་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ནས་ལས་དོན་ཁག་གི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་རེད།
     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་དེ་དག་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རྒྱུན་གཏན་ཞིག་དང་སྤྱིར་བཏང་ཞིག་གཏན་ནས་མིན། ཏང་ལ་འཕྲད་པའི་དུས་བབ་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་། ཛ་དྲག་རང་བཞིན་དེ་བཞིན་ཕྲག་ཐོག་ཏུ་འཁུར་བའི་ལས་འགན་གྱི་ལྗིད་རྫོབ་རང་བཞིན་དང་དཀའ་ཚེགས་རང་བཞིན་བཅས་ནི་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་དང་ལོ་རྒྱུས་ཐོག་མཐོང་དཀོན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་དང་འཐབ་ཇུས་མཁས་ཅན་གྱི་བློ་སྟོབས་ལས་རྒྱལ་ཁབ་ཕྱི་ནང་གི་སྤྱི་ཡོངས་ཇུས་འགོད་གནང་བ་དང་། སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་འགོ་ཁྲིད་གནང་སྟེ་གོ་སྐབས་དམ་འཛིན་དང་འགག་སྒྲོལ་དཀའ་སེལ་གནང་བ། དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་གནང་བ་དང་དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་གནང་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཆེས་རྩ་བའི་རྒྱུ་རྐྱེན་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁ་སྒྱུར་ཕྱོགས་སྟོན་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ཡོད་པས་ཡིན། ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱིས་ང་ཚོར་བློ་སྒོ་གལ་ཆེན་ཞིག་ཕྱེ་བ་སྟེ། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་ནི་དུས་སྐབས་གལ་ཆེན་ནང་ཏང་གིས་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། བློ་ཐག་ཆོད་པོས་གདམ་ག་བྱེད་པའི་འགག་རྩ་ཞིག་དང་། ཏང་མཐུན་སྒྲིལ་གཅིག་གྱུར་དང་རྒྱལ་ཁའི་ངང་མདུན་སྐྱོད་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པ་དེ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ངེས་པར་དུ་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དེ་སློབ་སྦྱོང་དང་ལག་བསྟར་བྱས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུས་ནས་འགོ་འཛུགས་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་ནས་དམ་འཛིན་བྱས་ཏེ། “སྤྱོད་ཚུལ་བཞི”ཡོ་བསྲང་ལ་ཤུགས་སྣོན་བརྒྱབ་ནས་ཏང་སྲོལ་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་ཐག་གཅོད་བྱས་ཡོད། འདི་ལོ་ང་ཚོས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གཅོང་ནད་བཅོས་སྒྲིག་གཏིང་ཟབ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བཙུགས་ཏེ་གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་འཕེལ་བར་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། སྤྱི་ཚོགས་ཀྱི་དར་སྲོལ་དང་དམངས་སྲོལ་མུ་མཐུད་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག “སྤྱོད་ཚུལ་བཞིའི”གཅོང་ནད་སྔར་བཞིན་ལངས་པའི་མངོན་མེད་རྐྱེན་ངན་གནས་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངན་རེངས་རང་བཞིན་དང་བསྐྱར་ལོག་རང་བཞིན་ལྡན་པ་མ་ཟད། གཡོ་ཐབས་འདྲ་མིན་སྣ་ཚོགས་ཡོད་པ་བཅས་ང་ཚོས་མཐོང་ཐུབ་པ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པས། ག་དུས་ཡིན་རུང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་། རང་ངོས་གསར་བརྗེ་མཐའ་འཁྱོངས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་བྱེད་པ་དང་། “སྤྱོད་ཚུལ་བཞི”བཅོས་སྒྲིག་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་ཁག་དོན་འཁྱོལ་བཅས་བྱས་ནས་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་ཏང་ཡོངས་ལ་སྣེ་ཁྲིད་ཡག་པོ་བྱེད་པ་དང་མིག་དཔེ་འདོན་དགོས།
     ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། སང་ལོ་རང་རེའི་ཏང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱེད་ཐབས་གསར་པ་དང་། བྱེད་ཐབས་ནན་པོ། བྱེད་ཐབས་ཏན་ཏིག་བཅས་བཏོན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་ཁུལ་ཁག་དང་། སྡེ་ཚན་ཁག ཕྱོགས་ཁག་བཅས་ཀྱི་ལས་དོན་ཁྲོད་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱེད་དགོས།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གནང་བའི་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་ལ་ཕྱོགས་སྡོམ་གནང་བ་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་ལག་བསྟར་དོན་འཁྱོལ་བྱེད་པར་བླང་བྱ་བཏོན་གནང་ཡོད། ཁོང་གིས་ད་ཐེངས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་དེ་ཧ་ཅང་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་ཕན་འབྲས་ཧ་ཅང་ཆེན་པོ་ཐོན་ཡོད་ལ། བསམ་བློ་སྤེལ་རེས་དང་། གནད་དོན་ལ་ཞིབ་ལྟ། ཁ་ཕྱོགས་ཁ་གསལ་བཅས་བྱུང་ཡོད། དེ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ་ཞིག་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་ངོས་ནས་བརྗོད་ན་དེར་དོན་སྙིང་གལ་ཆེན་ལྡན་ཡོད། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ལེགས་བཅོས་བྱེད་པར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གིས་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་བརྒྱུད་དེ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པ་མ་ཟད། ལོ་རྒྱུས་ཀྱི་ཉམས་མྱོང་ཧ་ཅང་རྩ་ཆེན་ཡང་བསགས་ཡོད། ཏང་གི་ལོ་རྒྱུས་ནི་གསོན་ཉམས་དོད་ཤོས་དང་གོ་སྐོན་བློ་འགུག་ཆེ་ཤོས་ཀྱི་བསླབ་གཞི་ཞིག་རེད། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱེད་ཀྱི་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ལ་ངོས་འཛིན་ཇི་ཙམ་ཆ་ཚང་བ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་ཚད་ཇི་ཙམ་གྱིས་གཏིང་ཟབ་ཏུ་ཕྱིན་ཚེ། ཏང་གི་ལོ་རྒྱུས་ཀྱི་བློ་གྲོས་དེ་ཙམ་གྱིས་ཕུན་སུམ་ཚོགས་སུ་འགྲོ་བ་དང་། མདུན་ལམ་སྟངས་འཛིན་ཐུབ་ཚད་དེ་ཙམ་གྱིས་རང་འགུལ་ཡོང་ཐུབ། འདི་ལོ་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་ཕྱོགས་སྡོམ་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་བྱ་རྒྱུའི་གཏན་འབེབས་བྱས་ཏེ། ཏང་ཡོངས་ཀྱིས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་དགོས་པའི་ནན་བཤད་བྱས་པ་དེ་ནི་ལོ་རྒྱུས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། མཐུན་སྒྲིལ་གཅིག་གྱུར་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་རེད།
     ཞི་ཅིན་ཕིང་གིས་བསྟན་དོན། རྒྱུགས་འབུལ་གྱི་ལམ་བུ་གསར་པའི་ཐོག་ང་ཚོས་མུ་མཐུད་ཕུལ་བྱུང་གི་རྒྱུགས་ལན་ཞིག་འབུལ་ཐུབ་མིན་གྱི་འགག་རྩ་དེ་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་པོ་ཞིག་ཡོད་མེད་ལ་ཐུག་ཡོད། ལོ་བརྒྱའི་རིང་། རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་དོན་གཉེར་དང་། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བསྐྱར་དར་དོན་གཉེར་བྱེད་པར་གཞོལ་བ་དང་། མིའི་རིགས་ཀྱི་ཆེད་དུ་ཡར་ཐོན་དོན་གཉེར་དང་། འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་བར་གཞོལ་ཡོད། གནམ་འོག་ཀུན་ལ་ཕན་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཞིང་། དེ་ནི་རང་རེའི་ཏང་ལ་ལྡན་པའི་ལོ་རྒྱུས་ཀྱི་གདེང་ཚོད་ཀྱི་གཏིང་ཤུགས་ཆེ་ཤོས་ཤིག་དང་རང་རེའི་ཏང་གིས་ཀྲུང་གོར་སྲིད་སྐྱོང་བ་དང་ཡུན་རིང་སྲིད་སྐྱོང་བའི་ལོ་རྒྱུས་ཀྱི་གདེང་ཚོད་ཅིག་ཡིན་ལ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཀྱི་གདེང་ཚོད་ཅིག་ཀྱང་རེད། ད་ཆ་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད་ཅེས་ང་ཚོས་རྦད་དེ་བརྗོད་ཆོག
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ཀྱི་ངེས་ཤེས་ནི་ལོ་རྒྱུས་ཀྱི་གདེང་ཚོད་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱས་པར་བརྟེན་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་གནད་དོན་རྩ་བའི་ཆ་ནས་སྒྱུར་བཅོས་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དང་ཆབས་ཅིག གནད་དོན་དེ་དངོས་འབྲེལ་ཐག་གཅོད་ཡག་པོ་བྱེད་པར། སྔར་བཞིན་ཏང་གིས་གཟབ་ནན་དང་། ཕྱོགས་ཡོངས། དབང་གྲགས་་ལྡན་པ་བཅས་ཀྱི་སྒོ་ནས་ཏང་གི་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་བྱེད་དགོས། རྨང་གཞི་དེའི་ཐོག་ཏང་གི་ལོ་རྒྱུས་ཕྱོགས་སྡོམ་དང་། སློབ་སྦྱོང་། སློབ་གསོ། དྲིལ་བསྒྲགས་བཅས་ལ་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་སྟེ། ཡང་དག་པའི་ཏང་གི་ལོ་རྒྱུས་ཀྱི་ལྟ་བ་དེ་བས་གཏིང་ཟབ་དང་དེ་བས་རྒྱ་ཁྱབ་ཀྱི་སྒོ་ནས་འཛུགས་པ་དང་། ཡང་དག་པའི་ལོ་རྒྱུས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དུ་འགྱུར་བ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མི་དམངས་ཡོངས་བཅས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ཚོས་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ལོ་རྒྱུས་ཀྱི་དྲན་ཤེས་བརྟན་དུ་བཏང་ནས་ཡིད་ཆེས་ཀྱིས་ཁེངས་བཞིན་མདུན་སྐྱོད་བྱེད་པར་སློབ་གསོ་རྒྱག་དགོས་པ་ང་ཚོས་ངེས་པར་དུ་རིག་པ་དྭངས་གསལ་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་གི་སྲོག་རྩ་ཡིན་པས། ལོ་རྒྱུས་ཕྱོགས་སྡོམ་བྱེད་རིང་། བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བྱེད་མཁས་པོ་བྱ་རྒྱུ་ནི་རང་རེའི་ཏང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད། ཏང་མཐུན་སྒྲིལ་གཅིག་གྱུར་ཡོང་བར་དང་ཐོག་ཆབ་སྲིད་ཐད་མཐུན་སྒྲིལ་གཅིག་གྱུར་ཡོང་བ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཡོངས་ཀྱིས་ཐུན་མོང་འབད་འཐབ་བྱས་པ་བརྒྱུད་ཏང་གི་མཐུན་སྒྲིལ་གཅིག་གྱུར་དེ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་འདི་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། དེ་ཏང་ཡོངས་ཀྱིས་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་གསར་པ་ལེན་པའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་ནི་མི་དམངས་ཁྲོད་ནས་བྱུང་བ་དང་། མི་དམངས་ཀྱི་ཁྲོད་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་མཁན་བཅས་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་ཨང་གསུམ་པ་དེ་ནི། ཏང་ཡོངས་ཀྱིས་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། “གང་ནས་ཡོང་བ་དང་གང་དུ་འགྲོ་བའི”གཞི་རྩའི་བརྗོད་གཞི་དེར་ལན་ཡག་པོ་རྒྱག་པ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་འདྲེས་པ་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བཅས་ལ་བསླབ་བྱ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཏང་གང་འདྲ་ཞིག་ཡིན་པ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ཐུབ་པ་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། མར་ཁེ་སི་རིང་ལུགས་ཐོན་པ་དང་འཕེལ་རྒྱས་ཕྱིན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དབུ་བརྙེས་པ་དང་འཕེལ་རྒྱས་ཕྱིན་པའི་ལོ་རྒྱུས་ཀྱི་ལམ་བུར་འཐབ་རྩོད་ཀྱི་དཀའ་ཚེགས་མང་པོ་འཕྲད་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། གསར་བརྗེའི་འཐབ་རྩོད་ཀྱི་དཀའ་ཚེགས་དང་རང་སྲོག་བློས་གཏོང་བྱས་པའི་ཡ་ང་བའི་གནས་ཚུལ་ནི་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉེན་ཁ་དང་འགྲན་སློང་ཆེན་པོ་རབ་དང་རིམ་པ་བརྒྱུད་པར། ང་ཚོས་དཀའ་ངལ་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་རྒྱལ་ཁ་བླངས་ཡོད། དུས་རབས་གསར་པའི་ཆ་རྐྱེན་འོག ང་ཚོས་ཏང་གིས་བསགས་པའི་འཐབ་རྩོད་རླབས་པོ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་ཡག་པོ་སྤྱོད་པ་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་ཐབས་ཇུས་ཁོང་དུ་ཆུད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དཀའ་ཚེགས་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་ཞུམ་མེད་ཀྱི་བློ་སྟོབས་རྒྱུན་འཁྱོངས་བྱེད་པ། མདུན་སྐྱོད་ཀྱི་ལམ་བུའི་ཐོག་སྔོན་དཔག་ཐུབ་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་གཅོག་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུ་གཟིངས་རླབས་གཤགས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས་པ་དང་། བློ་རྒྱ་ཡངས་པ་དང་། བརྩེ་སེམས་ཟབ་པ། མཐོ་སར་ལངས་པ། མིག་རྒྱང་རིང་བ། དོན་གཉེར་ཟབ་པ། བསམ་བློ་ཏན་ཏིག་གཏོང་བ། སྒེར་གྱི་ཐོབ་ཤོར་ལ་སྣང་བ་དེ་ཙམ་མི་གཏོང་བ། བྱས་རྗེས་དང་ཐོབ་ཆར་མི་རྩོད་པ་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་བྱ་གཞག་གཙོ་བོར་བཟུང་ནས་སྔ་བར་ཕྱི་གསུམ་དུ་མི་དམངས་མང་ཚོགས་དང་གཅིག་སེམས་གཅིག་གཏད་དང་། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཡོང་བ་བྱེད་དགོས། སྣེ་ཁྲིད་དེ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས། ཕུགས་བསམ་དང་དད་སེམས་ཁྲོད་ནས་འཕེལ་ཕྱོགས་ཆེན་པོར་རྟོག་ཞིབ་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། འབྱུང་འགྱུར་ལ་ལྟ་བ་བཅས་ཀྱི་ལམ་སྟོན་སྒྲོན་མེ་ཐོབ་པ་དང་། འབད་འཐབ་ལྷོད་མེད་དང་བརྩོན་འགྲུས་ལྷོད་མེད་ཀྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་ཐོབ་པ། ཡིན་མིན་དབྱེ་འབྱེད་དང་རྙོག་འཛིང་སེལ་བའི་ཆབ་སྲིད་ཀྱི་བློ་གྲོས་ཐོབ་པ། བསླད་སྐྱོན་འགོག་པ་དང་ངོ་འགྱུར་འགོག་པའི་འགོག་ནུས་ཆེན་པོ་ཐོབ་པ་བཅས་བྱེད་དགོས། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས། རང་ཉིད་བློ་རྩ་བརྟན་པོ་དང་རིག་པ་དྭངས་གསལ་ཡོང་བ་བྱེད་དགོས་པ་མ་ཟད། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་རང་རྟོགས་ངང་ཤུགས་རྒྱག་ཐུབ་པ་དང་། ལྷག་པར་དུ་ཕྱོགས་ལྷུང་ངན་པ་བཀག་འགོག་དང་ཁྱད་བསད་བྱེད་དགོས། འཐབ་ཇུས་ཀྱི་མིག་རྒྱང་དང་མ་འོངས་སྔོན་མཐོང་གི་མིག་རྒྱང་རིང་པོ་ཡོང་བ་བྱེད་པ་དང་། ལག་ལེན་གསར་པས་བཏོན་པའི་ཞིབ་འཇུག་བྱ་གཞི་གསར་པར་དམིགས་པ། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱེད་པ། དོན་དངོས་དང་མཐུན་ཞིང་ཆོས་ཉིད་དང་མཐུན་པའི་ཐབས་ཇུས་དང་གྲོས་འགོ་འདོན་པ་བཅས་བྱེད་དགོས། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། ཇི་མ་ཇི་བཞིན་ལག་བསྟར་བྱེད་པའི་ཐད་ཤུགས་སྣོན་རྒྱག་པ་དང་། ལས་འགན་ཁག་བགོས་དོ་དམ་ཁྱབ་ཁོངས་དང་ལས་འགན་ཁག་བགོས་དོ་དམ་སྡེ་ཚན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་དོན་ཆེན་ལ་གོ་བ་ལོན་རྒྱུ་གནད་འཕིགས་ཡོང་བ་བཅས་བྱས་ནས་ལག་བསྟར་གྱི་ཁ་ཕྱོགས་མི་འཛོལ་བ་དང་། བབ་བསྟུན་མི་བྱེད་པ། རྣམ་པ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས།
     ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ནི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སང་ལོའི་ལས་དོན་གྱི་ཆབ་སྲིད་ལས་འགན་ཨང་དང་པོ་དེ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོར་བརྟེན་ནས་འགན་འཁྲི་ནན་ཏན་ངང་སྒྲུབ་དགོས་ལ་ཕྱོགས་ཁག་གི་ལས་དོན་ཡང་ཡག་པོ་སྒྲུབ་དགོས། ད་ལོ་དང་སང་ལོ་སྐབས་བརྗེའི་དུས་འཁེལ་བས། འགོ་ཁྲིད་བློ་མཐུན་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ལ་སྲུང་བརྩི་ནན་པོ་ཞུ་དགོས་ལ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་ལའང་སྲུང་བརྩི་ནན་པོ་ཞུ་དགོས། འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། རང་ཉིད་ལ་ལྟ་སྟངས་ཡང་དག་འཛིན་པ། སྤྱི་ཡོངས་ལ་བསྟུན་པ་དང་། རྩ་འཛུགས་ལ་བསྟུན་པ། བཀོད་སྒྲིག་དང་ལེན་བཅས་བྱེད་པ། གུང་ཁྲན་ཏང་མིར་ལྡན་དགོས་པའི་སྙིང་སྟོབས་འཕེལ་བ་བཅས་བྱས་ཏེ། སེམས་ནུས་ཡོད་རྒུ་ལས་སྒྲུབ་དང་བྱ་གཞག་གཏོད་པའི་ཐད་སྤྱོད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས།
     ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ལས་དོན་ཡག་པོ་སྒྲུབ་པར་བསམ་འཆར་དང་གྲོས་འགོ་ཧ་ཅང་མང་པོ་བཏོན་པའི་ནང་། ལ་ལ་ཀྲུང་དབྱང་གི་ལས་དོན་དང་། ལ་ལ་སྡེ་ཚན་གྱི་ལས་དོན། ལ་ལ་ས་གནས་ཀྱི་ལས་དོན་བཅས་དང་འབྲེལ་བ་ཡོད་པས། ཚོགས་འདུ་གྲོལ་རྗེས་ཞིབ་འཇུག་ལ་དམ་འཛིན་བྱེད་པ་དང་། བྱ་ཐབས་འདོན་པ། ལས་དོན་སྒྲུབ་སྟངས་ལེགས་སུ་གཏོང་བ་བཅས་བྱས་ནས་ཕན་འབྲས་དངོས་ཐོན་པར་བྱེད་དགོས་ཞེས་གསུངས་པ་རེད། 

ཟླ་12ཚེས་27དང་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།
ཟླ་12ཚེས་27དང་ཚེས་28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

  
style="display:none;"