མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་སི་རི་ལན་ཁའི་སྲིད་ཏང་གིས་ཀྲུང་གོ་དང་སི་རི་ལན་ཁའི་དབར་ཕྱི་འབྲེལ་བཙུགས་ནས་
ལོ་ངོ་65འཁོར་བ་དང《འབྲས་འགྱིག་ཆོད་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་
ཞུ་བའི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་19ཉིན། 22:08】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་སིའི་སྲིད་ཏང་གིས་ཀྲུང་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་དང《འབྲས་འགྱིག་ཆོད་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
     ཞི་ཅིན་ཕིང་གིས་གསུངས་དོན། ལོ་ངོ་70ཡི་གོང་ཀྲུང་སིས་འགོག་རྐྱེན་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི《འབྲས་འགྱིག་ཆོད་ཡིག》ལ་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་སྒོ་མོ་ཆེན་པོ་ཕྱེ་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་65སོང་རིང་།
རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཐུན་སྒྲིལ་རོགས་རེས་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་པས། ཀྲུང་སིའི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་མཛའ་གྲོགས་མཉམ་གནས་དང་གཉིས་ཁེ་མཉམ་ལས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཏོག་གསར་རིམས་ནད་ཐོན་རྗེས་ཀྲུང་སི་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་པས་སྲོལ་རྒྱུན་གྱི་མཛའ་གྲོགས་སྔར་བས་ཟབ་ཏུ་ཕྱིན་ཡོད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གིས་སི་རི་ལན་ཁའི་སྲིད་ཏང་གཙོ་བོ་དང་མཛའ་གྲོགས་འགྲོ་འོང་རྒྱུན་འཁྱོངས་དང་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་བར་བརྟེན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་གལ་ཆེན་ནུས་པ་ཐོན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ལའང་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་སི་རི་ལན་ཁའི་སྲིད་ཏང་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་65འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ནས། ཀྲུང་སིའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་སིའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད།

  
style="display:none;"