འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་20ཉིན།
  • མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

    ༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ཞེ་བདུན་པ། ཉོས་མ་ཐག་པའི་བ་མོར་
    མངལ་སྦྲུམ་འདུག བེའུ་དེ་སུ་ལ་དབང་དགོས་སམ།

    གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་18ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ཞེ་བདུན་པ། ཉོས་མ་ཐག་པའི་བ་མོར་
མངལ་སྦྲུམ་འདུག བེའུ་དེ་སུ་ལ་དབང་དགོས་སམ།
    གྱོད་གཞི།
        ཞའོ་ཀྲང་གིས་རང་ཁྱིམ་གྱི་བ་གླང་ཞའོ་ཝང་ལ་བཙོང་། ཞའོ་ཝང་གིས་རང་ཁྱིམ་དུ་ཁྲིད་ནས་ཉིན་གསུམ་འགོར་རྗེས་བ་གླང་ལ་མངལ་ཆགས་ནས་ཟླ་གཅིག་འགོར་ཡོད་པ་ཤེས། ཞའོ་ཀྲང་གིས་དོན་དེ་ཤེས་རྗེས། འཕྲལ་དུ་ཞའོ་ཝང་ཚང་དུ་སོང་ནས་བ་གླང་མ་བཙོང་བའི་སྔོན་ནས་མངལ་སྦྲུམ་ཡོད་པ་རྒྱུ་མཚན་དུ་བྱས་ནས། བེའུ་བཙས་རྗེས་བེའུ་རང་ཉིད་ལ་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན། ཞའོ་ཝང་གིས་དེ་ལ་མོས་མཐུན་བྱས་མེད། འོ་ན་བེའུ་དེ་སུ་ལ་དབང་དགོས་ཞེ་ན། 
    གྱོད་གཞིར་གཞིགས་ནས་ཁྲིམས་བཤད། 
       བེའུ་དེ་ཞའོ་ཝང་དབང་དགོས། དམངས་དོན་ཁྲིམས་གཞུང་གི་དོན་ཚན་དྲུག་བརྒྱ་དང་སུམ་ཅུ་པའི་ནང་གཏན་འབེབས་བྱས་དོན། དམིགས་རྫས་རྩིས་སྤྲོད་མ་བྱས་གོང་དུ་འཕེལ་སྐྱེད་གང་བྱུང་འཚོང་མི་ལ་དབང་བ་དང་། རྩིས་སྤྲོད་བྱས་རྗེས་སུ་འཕེལ་སྐྱེད་གང་བྱུང་ཉོ་མི་ལ་དབང་བ་ཡིན། ཡིན་ན་ཡང་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད། 
      

    ཕྱོགས་བསྡུས་གསར་འགྱུར།