མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་ཚོགས་ཆེན་ཉི་ཤུ་པས་གྲ་སྒྲིག་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་17ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་10ཚེས་15ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། བློ་མཐུན་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

ཟླ་10ཚེས་15ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་དང་། བློ་མཐུན་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

     བློ་མཐུན་ཞི་ཅིན་ཕིང་གིས་གྲ་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚན་ཐོ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མཚན་ཐོ། ཚོགས་ཆེན་གྱི་གྲོས་རིམ་སོགས་ལ་གྲོས་འཆམ་བྱུང་བ། བློ་མཐུན་ཞི་ཅིན་ཕིང་ཀྲུའུ་ཞི་ཚོགས་པའི་ཚོཌ་འདུ་ཐེངས་དང་པོར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚན་ཐོ་དང་། འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྙན་ཞུ། ཚོགས་ཆེན་གྱི་ཉིན་རེའི་གྲོས་རིམ་སོགས་ལ་གྲོས་འཆམ་བྱུང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གྱི་ཕྱི་དྲོ་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པས་མི་དམངས་ཚོགས་ཁང་ཆེ་མོར་གྲ་སྒྲིག་ཚོགས་འདུ་འཚོགས་པ་རེད།
     བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་དགོས་པའི་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་2379ཡོད་པ་རེད།
     གྲ་སྒྲིག་ཚོགས་འདུར་ཞུགས་མཁན་འཐུས་མི་དང་དམིགས་བསལ་གདན་ཞུས་འཐུས་མི་2310ཡོད་པ་དང་། ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་བཅད་པ་བརྒྱུད། མི་22ལས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚན་ཐོར་གྲོས་འཆམ་བྱུང་བ་དང་། མི་243ལས་གྲུབ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་མཚན་ཐོར་གྲོས་འཆམ་བྱུང་བ། ཝང་ཧུའུ་ཉིང་ཚོགས་ཆེན་གྱི་དྲུང་ཆེར་གྲོས་འཆམ་བྱུང་ཡོད། ཚོགས་འདུའི་ཐོག་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའི་སྒྲིག་གཞི་བཀོད་སྒྲིག་དང་ལས་ཀའི་ལས་འགན་ལ་གྲོས་འཆམ་བྱུང་བ་རེད།
     ཚོགས་འདུའི་ཐོག་ད་དུང་ཚོགས་ཆེན་ཉི་ཤུ་པའི་གྲོས་རིམ་ལ་གྲོས་འཆམ་གནང་ཞིང་། ཚོགས་ཆེན་གྱི་གྲོས་རིམ་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་ནས་ཞིབ་བཤེར་གནང་རྒྱུ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་གནང་རྒྱུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་བསྐོ་གནང་རྒྱུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་བསྐོ་གནང་རྒྱུ་བཅས་རེད།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གྱི་ཕྱི་དྲོ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།
     བློ་མཐུན་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།
     ཚོགས་འདུའི་ཐོག དང་ཐོག་ཚོགས་ཆེན་གྱི་དྲུང་ཆེ་ཝང་ཧུའུ་ཉིང་གི་གཙོ་སྐྱོང་འོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད། བློ་མཐུན་ཞི་ཅིན་ཕིང་སོགས་མི་གྲངས་46ལས་གྲུབ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མཚན་ཐོར་གྲོས་འཆམ་བྱུང་བ་རེད།
     དེ་རྗེས་ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གི་གཙོ་སྐྱོང་འོག་གྲོས་རིམ་ཁག་འགོ་ཚུགས་ཤིང་། ཚོགས་འདུའི་ཐོག་ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་རྣམ་པ་བརྒྱུད། ཏིང་ཤུའེ་ཞང་དང་། ཁྲེན་ཞི། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་བཅས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པར་གྲོས་འཆམ་བྱུང་བ་རེད།
     ཚོགས་འདུའི་ཐོག་འཐུས་མིའི་ཐོབ་ཐང་སྐོར་གྱི་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་འཆམ་གནང་བ་རེད།
     སྙན་ཞུའི་ནང་། རྒྱལ་ཡོངས་ཀྱི་འདེམས་བསྐོའི་ཚན་པ་ཁག་གིས་འདེམས་བསྐོ་བྱས་ནས་ཐོན་པ་དང་འབྲེལ་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁྱབ་བསྒྲགས་བྱས་པའི་འཐུས་མི་ཁྱོན་2296ཡོད། ཞིབ་བཤེར་བྱས་པ་བརྒྱུད་འཐུས་མི་2296གི་ཐོབ་ཐང་གོ་ཆོད་པའི་ཁས་ལེན་བྱས་པ་དང་། ཚོགས་ཆེན་ལ་འཐུས་མི་2296ཕེབས་དགོས་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།
     སྙན་ཞུའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད།
     ན་ནིང་གི་ཟླ་བཅུ་གཅིག་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འདེམས་བསྐོའི་ཚན་པ་ཁག་གིས་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་དང་ཏང་གི་ངོ་བོ་དང་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་འཐུས་མིའི་འདེམས་བསྐོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་བཏང་བ། ཐོབ་ཐང་གི་ཆ་རྐྱེན་ནན་པོ་ལག་ལེན་བསྟར་བ། འདེམས་བསྐོའི་གོ་རིམ་དང་འདེམས་བསྐོའི་སྒྲིག་ལམ་ནན་པོ་བཟོས་པ་བཅས་བྱས་ཏེ་འཐུས་མིའི་འདེམས་བསྐོའི་ལས་དོན་ཁག་ལེགས་པར་བསྒྲུབས་ཡོད་ཅེས་འཁོད་ཡོད་པ་རེད།
     སྙན་ཞུའི་ནང་། འཐུས་མི་བདམས་ཐོན་བྱུང་རིང་། འདེམས་བསྐོའི་ཚན་པ་ཁག་གིས་འོག་ནས་གོང་དང་། གོང་འོག་ཟུང་འབྲེལ། ནང་མོལ་ཡང་ཡང་། རིམ་བཞིན་འདེམས་སྒྲུག་བཅས་མཐའ་འཁྱོངས་ཀྱིས་གཞི་རིམ་ཏང་རྩ་འཛུགས་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། རྒྱ་ཆེའི་ཏང་ཡོན་བཅས་ཀྱི་བསམ་འཆར་གང་ལེགས་གསན་པ་དང་། རྒྱལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཞུགས་རྒྱུ་ཁྱོན་ཡོངས་ལ་ཁྱབ་ནས་ཏང་ཡོན་ཞུགས་ཚད་99.5%ཟིན་ཡོད། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པ་དང་། ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ཞིབ་ཚགས་བྱས་པ། འོས་མིའི་ཆབ་སྲིད་ཀྱི་ཚད་གཞི་ནན་པོ་བསྲུངས་བ་བཅས་བྱས་པ་རེད། ལྟ་ཞིབ་བྱ་ཡུལ་ཚང་མར“ངེས་པར་དུ་བཞིའི”ཞིབ་དཔྱད་ནན་པོ་བྱས་པ་མ་ཟད་སྲིད་གཙང་བསམ་འཆར་གྱི“མཆན་འགོད་གཉིས”ཀྱང་ལག་ལེན་བསྟར་ཡོད། བསྡུ་ལེན་བྱས་པའི་བསམ་འཆར་དང་ཞིབ་དཔྱད་གནས་ཚུལ་ལ་གཞིགས་ཏེ། འཐུས་མིའི་འོས་མིར་མི་རུང་བའི་རིགས་ལེགས་སྒྲིག་བྱས་ཡོད། འདེམས་བསྐོའི་ཚན་པ་ཁག་གིས་ཏང་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་སམ་ཡང་ན་ཏང་ཨུད་(ཏང་ཙུའུ)ཀྱི་རྒྱ་ཆེའི་ཚོགས་འདུ་འཚོགས་ཏེ་འདེམས་ཤོག་འཕེན་པའི་བྱེད་ཐབས་སྤྱད་ནས་འཐུས་མིའི་འོས་མི་དང་གྲ་སྒྲིག་འོས་མི་གཏན་འཁེལ་གནང་ཡོད། ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད་བོད་ལྗོངས་དང་ཤིན་ཅང་གིས་འཁྲོལ་མེད་འདེམས་བསྐོ་བྱས་པ་ཕུད། འདེམས་བསྐོའི་ཚན་པ་ཁག་གིས་ཏང་གི་འཐུས་མི་ཚོགས་ཆེན་ནམ་ཡང་ན་ཏང་གི་འཐུས་མིའི་ཚོགས་འདུ་འཚོགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་འཁྲོལ་ཡོད་ཐོག་ནས་བདམས་ཤིང་། འཁྲོལ་ཡོད་ཀྱི་བསྡུར་ཚད་ཚང་མ་15%ལས་མང་བ་དེ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད། འཐུས་མིའི་འདེམས་བསྐོའི་ལས་དོན་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གཙོ་བོས་རྣམ་པ་སྣ་ཚོགས་སྤྱད་དེ་འཐུས་མི་འདེམས་བསྐོའི་ལས་དོན་གྱི་གནས་ཚུལ་གཏོང་སྤེལ་བྱས་ཡོད་ཅེས་འཁོད་ཡོད།
     སྙན་ཞུའི་ནང་། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྤྱིར་ན་ཏང་ཀྲུང་དབྱང་གིས་གཏན་འབེབས་གནང་བའི་ཆ་རྐྱེན་དང་མཐུན་པ་དང་བསམ་བློ་དང་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། སྤྱོད་ཚུལ་བཟང་བ། གྲོས་ཞིབ་ཀྱི་འཇོན་ཐང་ཆེ་བ་བཅས་ཡོད་པ་དང་འབྲེལ་རང་འཁྲིའི་ལས་གནས་ཐོག་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། དེ་དག་ནི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་དུ་བྱུང་བ་ཤ་སྟག་རེད། འཐུས་མིའི་གྲུབ་ཆ་དང་ཁྱབ་ཚུལ་ལུགས་དང་མཐུན་ཞིང་། གྲུབ་ཆའི་བསྡུར་ཚད་ཁག་ཚང་མ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ཡོད་པས་འཐུས་མིའི་རང་བཞིན་ཆེན་པོ་ལྡན་ཡོད་ཅེས་འཁོད་ཡོད།
     སྙན་ཞུའི་ནང་། ཚོགས་ཆེན་བཅུ་དགུ་པ་འཚོག་སྐབས་ཀྱི་བྱེད་སྟངས་གཞིར་བཟུང་། ཏང་ཀྲུང་དབྱང་གིས་དམིགས་བསལ་གདན་ཞུས་འཐུས་མི་83ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་རྒྱུའི་གཏན་འཁེལ་གནང་བ་དང་དམིགས་བསལ་གདན་ཞུས་འཐུས་མིར་འཐུས་མི་དང་གཅིག་མཚུངས་ཀྱི་དབང་ཆ་ཡོད་ཅེས་འཁོད་ཡོད།
     ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འདེམས་བསྐོ་བྱ་ཐབས(འཆར་ཟིན)ལ་གྲོས་འཆམ་གནང་བ་དང་འཐུས་མི་ཚོགས་པ་ཁག་ལ་ནང་མོལ་བྱ་རྒྱུར་ཕུལ་ཡོད།
     ཚོགས་འདུའི་ཐོག་ད་དུང་ཟུར་ཞུགས་དང་སྐུ་མགྲོན་གྱི་དོན་གནད་ལ་གྲོས་འཆམ་གནང་བ་དང་། ཀྲུང་དབྱང་གིས་ཏང་ནང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཏང་ཕྱིའི་མི་སྣ་ཁག་གཅིག་ཚོགས་ཆེན་ལ་ཟུར་ཞུགས་གནང་རྒྱུར་གདན་ཞུ་བྱ་རྒྱུའི་གཏན་འབེབས་གནང་ཡོད། ཚོགས་ཆེན་ལ་ཟུར་ཞུགས་གནང་མཁན་གྲས་སུ། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་མིན་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཚོགས་ཆེན་ཉི་ཤུ་པའི་འཐུས་མི་མིན་པ་དང་དམིགས་བསལ་གདན་ཞུས་འཐུས་མི་མིན་པའི་དེ་སྔའི་ཀྲུང་དབྱང་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དེ་བཞིན་འབྲེལ་ཡོད་བློ་མཐུན་གཞན་དག་བཅས་ཁྱོན་མི་གྲངས་354ཡོད་པ་དང་། ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཟུར་ཞུགས་གནང་མཁན་སྐུ་མགྲོན་གྲས་སུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གནང་བཞིན་པ་དང་གནང་མྱོང་བའི་ཏང་ཕྱིའི་མི་སྣ་དང་། པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་མིའི་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་མི་སྣ། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོ་ཏང་ཤོག་དང་། ཏང་ཤོག་གང་ལའང་མ་གཏོགས་པ། མི་རིགས་ཆོས་ལུགས་ལས་རིགས་བཅས་ཁྱོན་མི་གྲངས་154ཡོད་པ་རེད།
     ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་ཐོག་ད་དུང་ཚོགས་ཆེན་ཉི་ཤུ་པའི་ཉིན་རེའི་གྲོས་རིམ་ལ་གྲོས་འཆམ་གནང་ཞིང་། ཉིན་རེའི་གྲོས་རིམ་ལ་གཞིགས་ན། ཚོགས་ཆེན་ཉི་ཤུ་པ་ཟླ་10ཚེས་16ཉིན་གྱི་སྔ་དྲོར་འགོ་ཚུགས་རྒྱུ་དང་ཟླ་10ཚེས་22ཉིན་གྱི་སྔ་དྲོ་གྲོལ་རྒྱུ་རེད།