མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཚོགས་ཆེན་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་19ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   མི་དམངས་དྲ་བའི་འཕྲིན། ཚེས་18ཉིན་གྱི་ཕྱི་དྲོ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད། 
 བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
   ཚོགས་འདུའི་ཐོག སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན།)《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད(འཆར་ཟིན)བཅས་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱེད་པར་འབུལ་རྒྱུར་གྲོས་འཆམ་བྱུང་བ་རེད།
   ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཁྲེན་ཞི་ཡིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་བཅས་ཀྱི་གྲ་སྒྲིག་འོས་མིའི་གྲོས་འགོའི་མཚན་ཐོའི་སྐོར་གསལ་བཤད་གནང་བ་རེད། 
ཚོགས་འདུའི་ཐོག་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིའོས་མི་བཅས་ཀྱི་གྲ་སྒྲིག་འོས་མིའི་གྲོས་འགོའི་མཚན་ཐོར་གྲོས་འཆམ་བྱུང་ནས་འཐུས་མི་ཚོགས་པ་ཁག་ལ་གྲོས་མོལ་བྱ་རྒྱུར་ཕུལ་བ་རེད། 
   ཚོགས་འདུའི་ཐོག་འཐུས་མི་ཚོགས་པ་ཁག་གིས་གྲོས་བསྡུར་བྱས་པའི་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ལ་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ད་དུང་འདེམས་ཤོག་ལྟ་ཞིབ་པ་དང་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པའི་མཚན་ཐོར་གྲོས་འཆམ་བྱུང་ནས་དངོས་སུ་འདེམས་བསྐོ་བྱེད་སྐབས་ཚོགས་ཆེན་ཐོག་གྲོས་འཆམ་བྱ་རྒྱུར་འབུལ་རྒྱུ་རེད།