མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བརྙན་ཁུང་ཕྲ་མོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་22ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     “མང་པོས་བཀག་ཀྱང་མདུན་སྐྱོད་ཀྱི་གོམ་སྟབས་མཚམས་འཇོག་ཡེ་ནས་མི་བྱེད”
     འདི་ག་ཚགས་པར་གྱི་གསར་འགོད་པ། ཏུའུ་ཧྲང་ཙེ།
     དུས་ཚོད། 2022ལོའི་ཟླ་10ཚེས་17ཉིན་གྱི་སྔ་དྲོ།
     ཉིན་རེའི་གྲོས་རིམ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་ཀྱི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་གྲོས་བསྡུར་གནང་བ།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ནས་ལོ་གཉིས་ཙམ་སོང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཚོགས་འདུ་ཞིག་གི་ཐོག་ནས་ལོ་རྒྱུས་ལ་བྱང་བའི་རྩོམ་པ་པོ་ཞིག་ཐུག་འཕྲད་བྱུང་ཡོད། ཁོང་གི་སྐད་ཆ་ཚིག་གཅིག་གིས་སྤྱི་ཁྱབ་ཧྲུའུ་ཅིར་བག་ཆགས་ཟབ་མོ་བཞག་པ་སྟེ། “ལོ་རྒྱུས་དེབ་ཐེར་ཉེར་བཞིའི་ནང་དུའང་ང་ཚོའི་རུལ་རྒོལ་བྱེད་ཤུགས་འདི་འདྲ་མཐོང་རྒྱུ་མེད”ཅེས་པ་དེ་རེད།
     ད་རེས་ཀོང་ཤིས་ཀྱི་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ལ་ལོ་བདུན་བརྒྱད་གོང་གི་སྐད་ཆ་འདི་འཆར། སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་མི་རྣམས་ལ་ཚོར་སྣང་ཟབ་མོ་སྐྱེ་དགོས་པ་ཞིག་ཡོད་པ་སྟེ།
     “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ལོ་མང་པོའི་དཀའ་སྤྱད་ཞུན་བརྡར་གྱི་ངེས་ཤུགས་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་བ་དང་། ‘མི་བརྒྱ་སྟོང་ལ་ཕོག་ཐུག་གཏོང་དགོས་བྱུང་ཡང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་ཟོས་སུ་མི་གཏོང་བའི’འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྔར་བྱུང་མྱོང་མེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ཡོད” “ལྷག་པར་དུ་ལོ་བཅུའི་རིང་རང་རེའི་རང་ངོས་གསར་བརྗེའི‘སྣ་འདུས་ཐབས་བཟང’ཆ་ཚང་ཞིག་ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་ཡོད”
     ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དོན་ཚན་མཐའ་མར་དུས་རབས་གསར་པའི་ཏང་འཛུགས་སྐྱོང་སྐོར་གྱི་ཡིག་ཕྲེང་དང་ཡིག་འབྲུ་རེ་རེ་ལས་ཏང་ཆེན་པོ་ཞིག་གིས་འབྱུང་འགྱུར་ལ་ཁ་ཕྱོགས་པ་དང་མུ་མཐུད་རང་ངོས་གསར་བརྗེ་བྱེད་པའི་ཆོད་སེམས་དང་བློ་སྟོབས་གསལ་པོར་མངོན།
     སྤྱི་ཁྱབ་ཧྲུའུ་ཅིས། “ངས་ཐེངས་མང་བརྗོད་མྱོང་ཡོད། རང་རེའི་ཏང་རླབས་ཆེན་པོ་ཡོད་དོན་ནི་ནོར་འཁྲུལ་མི་ཤོར་བ་ཞིག་མིན་པར། དེ་ནི་རང་སྐྱོན་རང་བཅོས་དང་། རང་ངོས་གསར་བརྗེ་ཕོད་པ། རུས་གཞོག་དུག་སེལ་ཕོད་པ་བཅས་ཡིན་པས། ད་གཟོད་ལོ་བརྒྱའི་དྲག་ཆར་རླུང་འཚུབ་དྲག་པོ་བརྒྱུད་དེ་ཕམ་མི་ཐུབ་པ་དང་གནོན་མི་ཐུབ་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཏུ་གྱུར་ཡོད”ཅེས་ནན་བཤད་གནང་།
     ཕམ་མི་རུང་ལ་གཏན་ནས་ཕམ་མི་རུང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གལ་ཆེན་གྱི་མདུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་ཆ་མང་པོར་དགོངས་ཚུལ་གསལ་སྟོན་གནང་ཡོད། ད་ཐེངས་ཁོང་གིས་བློ་བརྟན་འགྱུར་མེད་ཀྱིས་གསུངས་དོན། “གུང་ཁྲན་ཏང་མི་ནི་དངོས་གཙོ་རིང་ལུགས་པ་ཡིན་པས། གང་ལའང་སྐྲག་མི་སྲིད་ལ། སྐྲག་དགོས་དོན་ཡང་མེད། གང་ཡིན་ཟེར་ན་དྲག་ཆར་རླུང་འཚུབ་དང་རྦ་རླབས་འཇིགས་སུ་རུང་བའི་ཚོད་བགམ་ནན་པོ་འཕྲད་མྱོང་བས་རེད། ངས་བརྗོད་པ་བཞིན‘མི་མང་གིས་བཀག་ཀྱང་ཁོ་བོ་མདུན་དུ་ཆས་པར་ཐེ་ཚོམ་ཡེ་ནས་མེད’ཅེས་པ་ལྟར་ཡིན་པས། གང་ལའང་སྐྲག་དགོས་དོན་མེད”
     རྒྱུན་མཐུད་མདུན་སྐྱོད་དང་སྙིང་རུས་ལྷོད་མེད་བྱེད་དགོས། “ངེས་པར་དུ་ནམ་ཡང་གདོང་མཆོང་དུང་བརྡ་གཏོང་དགོས”ཞེས་པ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ནན་པོར་འཁོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་བསྡུར་གནང་སྐབས། “ང་ཚོར‘ནམ་ཡང་ཚར་དུས་མེད་པའི’སྙིང་རུས་ཡོད་དགོས། དེ་ལྟར་བྱས་ཚེ་ང་ཚོ་གུང་ཁྲན་ཏང་གིས་གཞི་ནས་ཚོད་བགམ་ཐེག་ཐུབ་པ་དང་གཞི་ནས་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་དངོས་འབྲེལ་ཐོབ་ཐུབ”ཅེས་རྒྱས་བཤད་གནང་།