ཟླ་10ཚེས་21ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚེས་21ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས། སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིའི་མིང་ཐོ(འཆར་ཟིན)ལ་གྲོས་འཆམ་བྱུང་ནས། འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱ་རྒྱུར་ཕུལ་ཡོད།
བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
གྲོས་ཚོགས་ཐོག་འཐུས་མི་ཚོགས་པ་ཁག་གིས་འཁྲོལ་ཡོད་གྲ་སྒྲིག་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་བའི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིའི་མིང་ཐོ(འཆར་ཟིན)ལ་གྲོས་འཆམ་བྱུང་ནས། མིང་ཐོ་འདི་འཐུས་མི་ཚོགས་པ་ཁག་ལ་གྲོས་བསྡུར་བྱེད་པར་འབུལ་རྒྱུ་ཐག་བཅད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་10པའི་ཚེས་19ཉིན་ནས་འགོ་ཚུགས་ཏེ། འཐུས་མི་ཚོགས་པ་ཁག་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་བཏོན་པ་དང་འབྲེལ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་གྲོས་འཆམ་བྱུང་བའི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིའི་གྲ་སྒྲིག་མི་སྣའི་མིང་ཐོར་གྲོས་བསྡུར་ནན་ཏན་བྱས་ཡོད། འཐུས་མི་ཚོས་མིང་ཐོ་འདི་ནི་རྩ་འཛུགས་ཀྱི་གོ་རིམ་ནན་པོ་བརྒྱུད་དེ་ཏང་ནང་གི་དམངས་གཙོ་དར་སྤེལ་གང་ལེགས་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། དེའི་ནང་ས་ཁུལ་ཁག་དང་། སྡེ་ཚན་ཁག འཐབ་ཕྱོགས་ཁག ལས་རིགས་ཁག་བཅས་ཀྱི་ཏང་གི་སྲིད་འཛིན་རྐང་འཛིན་མི་སྣ་དང་ཕུལ་བྱུང་འཐུས་མི་གཅིག་སྡུད་བྱས་ཡོད་ཅིང་། སྤྱི་ཡོངས་ཀྱི་བྱང་ཚད་མཐོ་བ་དང་། གྲུབ་ཆ་ཅུང་ལུགས་དང་མཐུན་པ། ཁྱབ་ཚུལ་ཅུང་དོ་སྙོམས་ཡིན་པ། མང་ཚོགས་ཀྱི་རྨང་གཞི་ཅུང་ལེགས་པོ་བཅས་ཡོད་པས། དེ་ནི་བསམ་གཞིགས་ལེགས་པོ་བྱས་ཏེ་བྱུང་བའི་ཇུས་གཞི་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
ཟླ་10པའི་ཚེས་20ཉིན་གྱི་ཕྱི་དྲོ་དང་ཚེས་21ཉིན་གྱི་སྔ་དྲོར། ཚོགས་ཆེན་གྱིས་འཐུས་མི་ཚོགས་པ་ཁག་གི་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། སྔ་རྗེས་སུ་ཀྲུང་དབྱང་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་བཅས་ལ་གྲ་སྒྲིག་འདེམས་བསྐོ་བྱས་ཡོད། ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་གཞིར་བཟུང་། གྲ་སྒྲིག་འདེམས་བསྐོ་བྱེད་རིང་འཁྲོལ་ཡོད་འདེམས་བསྐོའི་བྱ་ཐབས་སྤྱད་ཡོད་པ་དང་། འཁྲོལ་ཡོད་བསྡུར་ཚད་ཚང་མ་8%ལས་མང་བ་ཡོད། གྲ་སྒྲིག་འདེམས་བསྐོའི་ལས་དོན་ཡོངས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་འགོ་ཁྲིད་འོག་དང་། འདེམས་ཤོག་ལྟ་སྐུལ་བྱེད་མཁན་གྱི་ལྟ་སྐུལ་འོག ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་དང་ནན་པོ་བསྟུན་ནས་སྤེལ་ཡོད་པས། གྲ་སྒྲིག་འདེམས་བསྐོ་བྱས་འབྲས་ནི་ཁྲིམས་དང་མཐུན་ལ་ནུས་པ་ལྡན་པ་ཞིག་ཡིན།
ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་དང་གྲོས་རིམ་གྱི་བཀོད་སྒྲིག་ལྟར། ཚེས་21ཉིན་གྱི་ཕྱི་དྲོར། ཚོགས་ཆེན་གྱིས་འཐུས་མི་ཚོགས་པ་ཁག་གི་ཚོ་ཆུང་ཁག་བགོས་ཀྱི་གྲོས་ཚོགས་འཚོགས་ནས། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི་ཀྲུང་དབྱང་ཨུ་ཡོན་དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིའི་མིང་ཐོར་གྲོས་ཞིབ་བྱས་ཡོད།
ཚེས་22ཉིན་གྱི་སྔ་དྲོར། ཚོགས་ཆེན་ཐོག་དངོས་སུ་འདེམས་བསྐོ་བྱ་རྒྱུ་ཡིན་པ་རེད།
|
ཟླ་10ཚེས་21ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེན་མོར་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཚོགས་འདུར་ཞུགས་པ་རེད། |