མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་
བདམས་ཐོན་བྱུང་བ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་ཀྲུང་དབྱང་
དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་བཞེས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་25ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

བློ་མཐུན་ཞི་ཅིན་ཕིང་།

བློ་མཐུན་ཞི་ཅིན་ཕིང་།

     ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་འགན་བཞེས་པ། བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྤྱི་བསྒྲགས།
     (2022ལོའི་ཟླ་10ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ)
     ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་2022ལོའི་10ཚེས་23ཉིན་པེ་ཅིང་དུ་འཚོགས་པ་རེད།
     ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་ཨུ་ཡོན་203དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་168ཡོད་པ་རེད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
     བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། ཀྲུང་གུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་རྗེས་གསུང་བཤད་གལ་ཆེན་གནང་བ་རེད།
     ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་བཅས་བདམས་ཐོན་བྱུང་བ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མིང་འདོན་གནང་བ་གཞིར་བཟུང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཁོངས་མིར་གྲོས་འཆམ་བྱུང་བ་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣ་གཏན་འཁེལ་གནང་བ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་བདམས་ཐོན་བྱུང་བའི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འོས་མིར་ཆོག་མཆན་གནང་བ་རེད། མཚན་ཐོ་གཤམ་གསལ།
     གཅིག ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།
     (རྒྱ་ཡིག་རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས)
     ཏིང་ཤུའེ་ཞང་། ཞི་ཅིན་ཕིང་། མ་ཤིང་རུའེ། ཝང་དབྱི། ཝང་ཧུའུ་ཉིང་། དབྱིན་ལི། ཧྲེ་ཐའེ་ཧྥུང་། ལིའུ་གོ་ཀྲུང་། ལི་ཞི། ལི་ཆང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མིན་ཨེར། ཀྲའོ་ལེ་ཅི། ཡོན་ཅ་ཅུན། ཧོང་ཁུན་མིང་། ཚའེ་ཆི།
     གཉིས། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།
     ཞི་ཅིན་ཕིང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི།
     གསུམ། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི།
     ཞི་ཅིན་ཕིང་།
     བཞི། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི།
     ཚའེ་ཆི། ཧྲེ་ཐའེ་ཧྥུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཁྲེན་ཝུན་ཆིང་། ལིའུ་ཅིན་གོ ཝང་ཞའོ་ཧུང་།
     ལྔ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། ཨུ་ཡོན།
     ཀྲུའུ་ཞི། ཞི་ཅིན་ཕིང་།
     ཀྲུའུ་ཞི་གཞོན་པ། ཀྲང་ཡིའུ་ཞ། ཧོ་ཝུའེ་ཏུང་།
     ཨུ་ཡོན། ལི་ཧྲང་ཧྥུའུ། ལིའུ་ཀྲེན་ལི། མེའོ་ཧྭ། ཀྲང་ཧྲེང་མིན།
     དྲུག ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ཧྲུའུ་ཅི་གཞོན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།
     ཧྲུའུ་ཅི། ལི་ཞི།
     ཧྲུའུ་ཅི་གཞོན་པ། ལིའུ་ཅིན་གོ ཀྲང་ཧྲེང་མིན། ཤའོ་ཕེ། ཡུས་ཧུང་ཆིའུ(བུད་མེད) ཧྥུའུ་ཁུའེ། སུན་ཤིན་དབྱང་། ལིའུ་ཞུའེ་ཤིན། ཀྲང་ཧྥུའུ་ཧའེ།
     རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།
     (རྒྱ་ཡིག་རུས་མིང་གི་པིར་རིས་མང་ཉུང་ལྟར་བསྒྲིགས)
     ཝང་ཞའོ་ཕིང(བུད་མེད) ཝང་ཨའེ་ཝུན། ཝང་ཧུང་ཅིན། ལིའུ་ཅིན་གོ ལིའུ་ཞུའེ་ཤིན། ཞུས་ལུའོ་ཏེ། སུན་ཤིན་དབྱང་། ལི་ཞི། ལི་ཤིན་རན(མན་ཇུ་རིགས) ཤའོ་ཕེ། ཀྲང་ཧྲེང་མིན། ཀྲང་ཧྥུའུ་ཧའེ། ཁྲེན་གོ་ཆང་། ཀྲའོ་ཧྲི་ཡུང་། ཧོའུ་ཁའེ། དབྱིན་པོ(འཇང་རིགས) ཡུས་ཧུང་ཆིའུ(བུད་མེད) ཧྥུའུ་ཁུའེ། མུའུ་ཧུང་ཡུས(བུད་མེད)