མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་པཱ་ལི་གླིང་ཕྲན་དུ་ཕེབས་འབྱོར་ཟིན་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་
ཐེངས་བཅུ་བདུན་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་16ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པཱ་ལི་གླིང་ཕྲན་གྱི་ནུའུ་ལ་ལའེ་དབྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་ཏེ། གདན་ཞུས་ལྟར་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་ཞུགས་རྒྱུ་ཡིན་ཞིང་། འདི་ནི་གནམ་ཐང་དུ་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལ་ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོ་དང་མཉམ་ལས་ཀྱི་སྣེ་ཁྲིད་པ་དང་། རྒྱ་མཚོ་དང་མ་འཇོག་སྤྱི་འདོམས་པུའི་པུའུ་ཀྲང་ལུའུ་ཧུའུ་ཐེ་དང་པཱ་ལི་ཞིང་ཆེན་གྱི་ཧྲེང་ཀྲང་ཁོ་སི་ཐེ་སོགས་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ། གདན་ཞུས་ལྟར་ཧིན་རྡུ་ཉི་ཞི་ཡའི་པཱ་ལི་གླིང་ཕྲན་དུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བདུན་པར་ཞུགས་པར་ཕེབས་པ་རེད།
    འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྲས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་དོན་ཨུ་ཡོན་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཕུང་སོགས་ཡོད་པ་རེད།
    ས་གནས་དེ་གའི་དུས་ཚོད་ཚེས་14ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་པཱ་ལི་གླིང་ཕྲན་གྱི་ནུའུ་ལ་ལའེ་དབྱི་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་ཞིང་། ཧིན་རྡུ་ཉི་ཞི་ཡའི་ཀྲུང་གོ་དང་མཉམ་ལས་ཀྱི་སྣེ་ཁྲིད་པ་དང་། རྒྱ་མཚོ་དང་མ་འཇོག་སྤྱི་འདོམས་པུའི་པུའུ་ཀྲང་ལུའུ་ཧུའུ་ཐེ་དང་པཱ་ལི་ཞིང་ཆེན་གྱི་ཧྲེང་ཀྲང་ཁོ་སི་ཐེ་སོགས་མཐོ་རིམ་དཔོན་རིགས་ཀྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། གུས་དམག་གིས་ས་གདན་དམར་པོའི་གཡས་གཡོན་གཉིས་སུ་ཀྲོང་ངེར་ལངས་ནས་གུས་འདུད་ཞུས་པ་དང་། མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་ས་གནས་དེ་གའི་གཞོན་ནུ་ཚོས་ཧིན་རྡུ་ཉི་ཞི་ཡའི་སྲོལ་རྒྱུན་རོལ་ཆ་ཅ་མེ་ལན་དཀྲོལ་བ། གཟབ་མཆོར་སྤྲས་པའི་ཧིན་རྡུ་ཉི་ཞི་ཡའི་གཞོན་ནུ་མས་པཱ་ལི་གླིང་ཕྲན་གྱི་སྲོལ་རྒྱུན་ཞབས་བྲོ་ཕུང་ཏི་འཁྲབ་པ། ས་གནས་དེ་གའི་སློབ་མས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་གིས“དགའ་བསུ་ཞུ། དགའ་བསུ་ཞུ”ཞེས་རྒྱ་སྐད་ཐོག་ནས་དགའ་འབོད་བྱས་པ་རེད།
    ཕེབས་རོགས་ཞུ་མཁན་ཚོའང་གནམ་གྲུ་གཅིག་ནང་ཕེབས་འབྱོར་ཟིན་པ་རེད།
    ཧིན་རྡུ་ཉི་ཞི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའུ་ཁང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད།
    ཞི་ཅིན་ཕིང་སྟངས་དཔྱལ་གནམ་ཐང་ནས་བཞུགས་སའི་གསོལ་མགྲོན་ཁང་དུ་ཕེབས་སྐབས། ས་གནས་དེ་གའི་མང་ཚོགས་མང་པོས་རང་འགུལ་ངང་ཕེབས་ལམ་གྱི་གཡས་གཡོན་གཉིས་སུ་འཛོམས་ནས་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ཏེ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད།