མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐེ་ལན་གྱི་ཙུང་ལི་པཱ་ཡུས་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་21ཉིན། 10:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པང་ཁོག་ཙུང་ལིའི་ལས་ཤག་ཏུ་ཐེ་ལན་གྱི་ཙུང་ལི་པཱ་ཡུས་དང་གྲོས་མོལ་གནང་བ།

ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པང་ཁོག་ཙུང་ལིའི་ལས་ཤག་ཏུ་ཐེ་ལན་གྱི་ཙུང་ལི་པཱ་ཡུས་དང་གྲོས་མོལ་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པང་ཁོག་ཙུང་ལིའི་ལས་ཤག་ཏུ་ཐེ་ལན་གྱི་ཙུང་ལི་པཱ་ཡུས་དང་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས་དེ་བས་བརྟན་པོ་དང་། དེ་བས་དར་རྒྱས། དེ་བས་རྒྱུན་མཐུད་བཅས་ཀྱི་ཀྲུང་ཐེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
    ཞི་ཅིན་ཕིང་ཙུང་ལིའི་ལས་ཤག་ཏུ་འབྱོར་སྐབས། པཱ་ཡུས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་པ་རེད། ཐེ་ལན་གྱི་ཙུང་ལིའི་ལས་ཤག་གི་མཐོ་རིམ་དཔོན་རིགས་དང་ཆེས་མཐོའི་སི་ལིང་དང་དེ་བཞིན་སྐམ་མཚོ་མཁའ་བཅས་དམག་གི་སི་ལིང་སོགས་ཀྱིས་རུ་སྟར་བསྒྲིགས་ནས་དགའ་བསུ་ཞུས་པ་རེད། གཟབ་སྦྲེང་རུ་ཁག་གིས་གྲལ་སྟར་བསྒྲིགས་ནས་མིག་འདུད་ཞུས་པ་རེད།
    ཞི་ཅིན་ཕིང་དང་པཱ་ཡུས་གྲོས་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས། ཐེ་ལན་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་གཙོ་གཉེར་བྱས་པར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ཀྲུང་ཐེའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བརྩེ་དུང་ཟབ་མོ་ཡོད། ཀྲུང་ཐེའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10ཡི་རིང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་ཆད་མེད་པར་དར་རྒྱས་གོང་འཕེལ་ཕྱིན་པ་དང་།
    ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་མུ་མཐུད་ཟབ་ཏུ་ཕྱིན་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཐེའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ང་ཚོས་ལོ་རྒྱུས་ཀྱི་འགོ་འཛུཌ་ས་གསར་པའི་ཐོག་ནས་ཐེ་ལན་ཕྱོགས་དང་མཉམ་དུ“ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”དམིཌ་བསལ་གྱི་མཛའ་གྲོཌ་དར་སྤེལ་གཏོང་བ་དང་། དེ་བས་བརྟན་ལྷིང་དང་། དེ་བས་དར་རྒྱས། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་ཀྲུང་ཐེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ། “ཀྲུང་ཐེ་ཁྱིམ་ཚང་གཅིག་ལྟར་བརྩེ་བར”དུས་རབས་ཀྱི་ནང་དོན་ལྡན་པ། ཀྲུང་ཐེའི་འབྲེལ་བའི་དུས་རབས་གསར་པ་གཏོད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་མང་བའི་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་གཉེན་ཉེ་ལྟར་རྒྱུན་དུ་འགྲོ་འོང་དང་འགྲོ་འོང་མང་ཙམ་བྱས་ནས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། ཕྱོགས་གཉིས་པོས་འབྱུང་འགྱུར་ལོ་ལྔའི《ཀྲུང་ཐེའི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཀྱི་ཐུན་མོང་བྱ་སྤྱོད་འཆར་གཞི》དོན་འཁྱོལ་ཡག་པོ་བྱས་ནས། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རང་སོ་སོའི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་བྱས་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་མ་འཇོག་དང་། ཚོང་དོན། ཡུལ་སྐོར། རྨང་གཞིའི་སྒྲིག་བཀོད། ཐོན་ལས་གླིང་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་། ནུས་རྒྱུ་གསར་པའི་རླངས་འཁོར། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་ཕྱོགས་གསུམ་གྱི་ལྕགས་ལམ་མཉམ་ལས་བྱེད་མགྱོགས་སུ་གཏོང་བ་དང་། “ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་དབར་གྱི་སྦྲེལ་མཐུད་འཕེལ་རྒྱས་ཀྱི་བསམ་བཀོད”ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི“མཁྲེགས་ཆས་སྦྲེལ་མཐུད”ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། ཟོག་འགྲེམས་འགག་སྒྲོལ་གྱི“མཉེན་ཆས་སྦྲེལ་མཐུད”ལས་དོན་ཡག་པོ་སྒྲུབ་པ། ཐེ་ལན་གྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཀྲུང་གོར་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཚུད་པའི་ཕྱོགས་ཁག་དང་མཉམ་དུ《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》སྤུས་ཚད་མཐོ་པོས་ལག་བསྟར་བྱས་ནས། གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་ཁུལ་ཆེ་ཤོས་དེར་ཁེ་སྤོགས་དེ་བས་མང་བ་ཐོབ་པའི་བཀོད་སྒྲིག་བྱ་རྒྱུ་ཡིན། རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་མི་རྒྱུ་གཉིས་འདེད་ཀྱི་མཉམ་ལས་ཟབ་ཏུ་གཏོང་དགོས། སློབ་གསོ་དང་། སྨན་བཅོས། དབུལ་སྐྱོར་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་བྱེད་ཐབས་སྣ་ཚོགས་བརྒྱུད་དབུལ་ཕོངས་ཉུང་གཏོང་གི་ཉམས་མྱོང་སྤེལ་རེས་བྱས་ནས། རྒྱལ་ཁབ་གཉིས་པོའི་དབུལ་སྐྱོར་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ་མང་ཚོགས་དང་ཉེ་བཅར་དང་གཞི་རིམ་ལ་ཞབས་འདེགས་ཞུ་བའི་བྱ་བ་དངོས་ཁག་གཅིག་ཡག་པོ་སྒྲུབ་དགོས། གཞོན་ནུའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་དེ་བས་ཉེ་བཅར་དང་བརྩེ་སེམས་དེ་བས་ཟབ་ཏུ་བཏང་ནས། ཀྲུང་ཐེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་མི་ཆོས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཡུན་རིང་ཞི་བདེ་དང་ཕུགས་ཀྱི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེ་ལན་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས“ཁྱིམ་གཞིས་ཆེན་པོ་ལྔ”སྐྲུན་པར་དམིགས་ནས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོཌ་ཟླའི་འབྲེལ་བའི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་མངོན་པར་བྱེད་འདོད་ཡོད། ཐེ་ལན་གྱིས་རྫ་ཆུ་དང་མའེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པ་དང་། ཀྲུང་གོས་མའེ་ཀུང་གཙང་པོའི་འགྲམ་གྱི་རྒྱལ་ཁབ་དང་མཉམ་དུ་ས་ཁོངས་ཕལ་པའི་མཉམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    པཱ་ཡུས་ཀྱིས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བསྟུད་མར་བཞེས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོས་སྤྱི་ཚོཌ་རིང་ལུཌ་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིཌ་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་རྒྱུའི་ཡིད་ཆེས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེ་ལན་དུ་འཚམས་འདྲི་གནང་བ་དང་འབྲེལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུཌ་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་པ་དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་བཞེས་རྗེས་ཐེ་ལན་དུ་ཕེབས་ཐེངས་དང་པོ་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ལོ་ནི་ཐེ་ཀྲུང་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་རེད། ཐེ་ལན་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ཏེ“ཐེ་ཀྲུང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”རྨང་གཞིའི་ཐོག་དེ་བས་བརྟན་ལྷིང་དང་། དེ་བས་དར་རྒྱས། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་ཐེ་ཀྲུང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད། ཐེ་ལན་ཕྱོཌ་ཀྱིས་ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་བརྩི་འཇོག་བཅས་བྱས་ཏེ《ཐེ་ཀྲུང་དབར་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཀྱི་ཐུན་མོང་བྱ་སྤྱོད་འཆར་གཞི》དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། ཐེ་ཀྲུང་ལྕགས་ལམ་སྐྲུན་མགྱོགས་སུ་གཏོང་བ་དང་འབྲེལ་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དང་འབྲེལ་མཐུད་བྱེད་པ། ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་ཀྱི་སྦྲེལ་མཐུད་འཕེལ་རྒྱས་ཀྱི་བསམ་བཀོད་དོན་འཁྱོལ་བྱེད་པ། ཚོང་དོན་དང་། མ་འཇོག དབུལ་སྐྱོར། རྨང་གཞིའི་སྒྲིག་བཀོད་བཅས་མཉམ་སྦྲེལ་མཉམ་མཐུད་དང་། དྲ་རྒྱའི་བདེ་འཇགས། རྒྱལ་སྒྲོལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཐེ་ལན་དུ་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་ཐེ་ལན་གྱི་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོར་ཁྲིད་སྟོན་བྱེད་པ་དེ་ཐོག་ནས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་བརྟན་ལྷིང་དང་། བདེ་འཇགས། དར་རྒྱས་བཅས་ལ་སྐུལ་མ་ཐེབས་པ་དང་འབྲེལ་ས་ཁུལ་དང་རྒྱལ་ཁབ་ཁག་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་གཅིག་མཐུན་འདུས་གྲུབ་གཏོད་པར་རམ་འདེཌ་ཀྱང་བྱས་ཡོད། ཐེ་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོཌ་དང་མཉམ་དུ《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དོན་འཁྱོལ་བྱེད་འདོད་ཡོད། ཐེ་ལན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་གོ་ལ་ཧྲིལ་པོའི་བདེ་འཇཌ་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུ་དང་། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི“ཁྱིམ་གཞིས་ཆེན་པོ་ལྔ”བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བང་ཡོད་ཅེས་བརྗོད་པ་རེད།
    རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས《ཀྲུང་ཐེའི་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ཀྱི་ཐུན་མོང་བྱ་སྤྱོད་འཆར་གཞི(2022ལོ་ནས་2026ལོ)》དང《ཀྲུང་ཐེས“རྒྱུད་གཅིག་ལམ་གཅིག”འཛུཌ་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ལས་འཆར་འགོད》དང་དེ་བཞིན་དཔལ་འབྱོར་ཚོང་དོན་མ་འཇོག་དང་། དྲ་ཐོག་ཚོང་དོན། ཚན་རྩལ་གསར་གཏོད་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟཌ་འགོད་པར་ལྷན་དུ་དཔང་པོ་གནང་བ་རེད།
   ཕྱོགས་གཉིས་པོས《དེ་བས་བརྟན་ལྷིང་དང་། དེ་བས་དར་རྒྱས། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་སྐོར་གྱི་ཀྲུང་ཐེའི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།