མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་མུ་མཐུད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུཌ་ཀྱི་འགོ་ཁྲིད་
པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་21ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མུ་མཐུད་ཐེ་ལན་གྱི་པང་ཁོག་ཏུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པར་ཞུགས་པ།

འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མུ་མཐུད་ཐེ་ལན་གྱི་པང་ཁོག་ཏུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པར་ཞུགས་པ།

     ཤིན་ཧྭ་གསར་འགྱུར་ཁང་པང་ཁོག་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པང་ཁོག་ཏུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པར་མུ་མཐུད་ཞུགས་པ་རེད།
    ཚོགས་འདུའི་ཐོག་རྒྱུན་མཐུད་ཆོག་པའི་ཚོང་དོན་དང་མ་འཇོག་གི་གནད་དོན་ལ་དམིགས་ནས་གྲོས་བསྡུར་གནང་ཞིང་། ཞི་ཅིན་ཕིང་གིས། རང་མོས་དང་སྒོ་དབྱེའི་ཚོང་དོན་དང་མ་འཇོག་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དམིགས་ཡུལ་དང་རྩ་དོན་ཡིན་ལ། 2040ལོའི་པུ་ཐེ་ལཱ་ཅ་ཡཱའི་བསམ་འདུན་མངོན་འགྱུར་བྱེད་པའི་ཀ་རྟེན་གལ་ཆེན་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
    ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་དགོས་ཤིང་། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་དང་བརྟན་པོ་ཡོང་བར་སྲུང་སྐྱོང་། སྒོ་དབྱེ་དང་། དྲང་སྙོམས། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་དོན་མ་འཇོག་ཁོར་ཡུག་གཏོད་པ་བཅས་བྱས་ནས། ཕྱོགས་ཡོངས་དང་ཆུ་ཚད་མཐོ་བའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རང་མོས་ཚོང་དོན་ཁུལ་སྔ་ཙམ་སྐྲུན་དགོས།
    ཀུན་ཕན་བསྟུན་མཁས་མཐའ་འཁྱོངས་ཀྱིས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་བསྟུན་མཁས་རང་བཞིན་མངོན་གསལ་དོད་པོས་འཕེལ་རྒྱས་བཏང་སྟེ་འདྲ་མཉམ་གྲོས་མོལ་དང་། ཐུན་མོང་ཐོག་ཞུགས་པ། ཡོངས་ཁྱབ་ངང་ཕན་པ་ཐོབ་པ་བཅས་ཀྱི་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་སྒྲོམ་གཞི་གཏོད་པ་དང་ཕྱོགས་ཁག་ལ་ཕན་པ་ཐོབ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཁྲོམ་ར་ཆེན་པོ་སྐྱེད་སྲིང་བྱས་ནས། ཕྱོགས་ཁག་མཉམ་འགུལ་འཕེལ་རྒྱས་གཏོང་རིང་ཐུན་མོང་ཐོག་དཔལ་འབྱོར་འཕར་ཐུབ་པ་དང་ལེགས་ཆ་གསབ་རེས་བྱེད་རིང་མཉམ་ལས་གཉིས་ཕན་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གྲོང་གསེབ་དར་རྒྱས་དང་། “ཆེད་ལེགས་ཁྱད་གསར”གྱི་ཁེ་ལས་འབྲིང་ཆུང་། བསྟུན་མཁས་རང་བཞིན་གྱི་ཚོང་དོན་མ་འཇོག་སོགས་ཀྱི་གྲོས་འགོ་བཏོན་ཏེ། འཕེལ་རྒྱས་དང་གསར་གཏོད་ཀྱི་གྲུབ་འབྲས་ལས་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པར་བྱས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕྱོགས་ཁག་བསྟུན་མཁས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
    སྒོ་དབྱེའི་ས་ཁོངས་མཉམ་ལས་མཐའ་འཁྱོངས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དར་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཤིང་། རང་འགུལ་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་སྟེ་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ལ། ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་རེད། མི་རིང་བའི་གོང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་ལྔ་པ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེ་ཐོག་ནས་ཀྲུང་གོས་རང་མོས་སྒོ་དབྱེའི་ཚོང་དོན་ལ་རྒྱབ་སྐྱོར་བྱེད་པ་དང་འཛམ་གླིང་ལ་ཁྲོམ་རའི་སྒོ་མོ་འབྱེད་པའི་ཆོད་སེམས་བརྟན་པོ་སླར་ཡང་མངོན་ཡོད། ཀྲུང་གོས་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ནས་འཛམ་གླིང་ལ་ཁྲོམ་རའི་གོ་སྐབས་དང་། དཔལ་འབྱོར་འཕར་སྣོན་གྱི་གོ་སྐབས། མཉམ་ལས་ཀྱི་གོ་སྐབས་བཅས་དེ་བས་མང་བ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
    ཚོགས་འདུའི་ཐོག《2022ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་བསྒྲགས་གཏམ》དང《སྐྱེ་དངོས་འཁོར་རྒྱུག་དང་ལྗང་མདོག་དཔལ་འབྱོར་སྐོར་གྱི་པང་ཁོག་གི་དམིགས་ཚད》ཁྱབ་བསྒྲགས་བྱས་པ་རེད།