མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཐུའོ་ཁེ་ཡེ་ཕུའུ་ཧ་སག་སི་ཐན་གྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་23ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་སེ་མུའུ་རུའོ་མར་ཐེ·ཐུའོ་ཁེ་ཡེ་ཕུའུ་ལ་གློག་འཕྲིན་བཏང་ནས་ཁོང་ཧ་སག་སི་ཐན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་ད་རེས་སྐུ་ཉིད་ཙུང་ཐུང་ལ་བདམས་ཐོན་བྱུང་བ་དེ་ཐོག་ནས་ཧ་སག་སི་ཐན་མི་དམངས་ཀྱིས་ཁྱེད་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ལུགས་གང་ལེགས་མཚོན་གྱི་ཡོད། ངས་ཀྲུང་ཧའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་གྱིས་ཁྱེད་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་འགོ་འཛུགས་ས་གསར་པར་བྱས་ཏེ་ཀྲུང་ཧའི་ཡུན་རིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་ཀྲུང་ཧའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པ་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།