མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡར་ས་ཡོམ་གྱི་གནོད་འཚེ་ཕོག་པར་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་ལ་
སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་24ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡར་ས་ཡོམ་གྱི་གནོད་འཚེ་ཕོག་པར་སེམས་གསོ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།
   ཞི་ཅིན་ཕིང་གིས། ཧིན་རྡུ་ཉི་ཞི་ཡར་ས་ཡོམ་གྱི་གནོད་འཚེ་ཕོག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་ཕོག་པ་ཤེས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཞུ་རྒྱུ་དང་འབྲེལ་རྐྱེན་ལམ་དུ་ཤོར་བའི་མིའི་ནང་མི་དང་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་སེམས་གསོ་འཚམས་འདྲི་ཞུ་རྒྱུ་ཡིན། ཙུང་ཐུང་ཙུའོ་ཁོའོ་དང་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་གི་འགོ་ཁྲིད་འོག་གེགས་ཁུལ་མང་ཚོགས་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།