མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 11ཚེས་30ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ཟླ་11ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཧུའུ་རི་ལེ་སུའུ་ཧོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་གནང་བ་རེད། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧུའུ་རི་ལེ་སུའུ་ཧོ་དང་སྐུ་ཟླ་པའོ་ལེར་ཚེ་ཚེ་ཀེ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

ཟླ་11ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་གྲོས་མོལ་གནང་ཞིང་། གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཧུའུ་རི་ལེ་སུའུ་ཧོ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་གནང་བ་རེད། འདི་ནི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧུའུ་རི་ལེ་སུའུ་ཧོ་དང་སྐུ་ཟླ་པའོ་ལེར་ཚེ་ཚེ་ཀེ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་28ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་གྲོས་མོལ་གནང་བ་རེད།
    ཞི་ཅིན་ཕིང་གིས་ཧུའུ་རི་ལེ་སུའུ་ཧོ་ཀྲུང་གོར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས། ང་ཚོ་ཟླ་བ་གཉིས་ཀྱི་རྗེས་ལ་སླར་ཡང་ཁ་ཆད་ལྟར་ཐུག་འཕྲད་བྱུང་བ་དེ་ཐོག་ནས་ཀྲུང་མོང་འབྲེལ་བའི་ཆུ་ཚད་མཐོ་པོ་གང་ལེགས་མངོན་ཡོད། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་དབར་གྱི་ཡུན་རིང་བརྟན་ལྷིང་གི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོས་མཛའ་མཐུན་དང་། ལྷག་བསམ་རྣམ་དག ཕན་འདོགས་པ། བསྟུན་མཁས་བཅས་ཀྱི་འདུ་ཤེས་དང་། ཁྱིམ་མཚེས་རྒྱལ་ཁབ་དང་འཆམ་མཐུན་བྱེད་པ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་རོགས་ཟླར་བརྩི་བའི་མཐའ་འཁོར་གྱི་ཕྱི་འབྲེལ་མཛད་ཕྱོགས་མཐའ་འཁྱོངས་བྱས་ནས། ཀྲུང་མོང་དབར་གྱི་མཛའ་མཐུན་ཡིད་ཆེས་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཡོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མཉམ་དུ་རིམས་འགོག་དང་ཕན་ཚུན་ལྟ་སྐྱོང་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་བཏང་ཡོད། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་ཕྱིན་ནས། རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་དཔེ་མཚོན་བཏོད་ཡོད། བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་རྒྱལ་སྤྱིའི་ཁོར་ཡུག་གི་མདུན་དུ། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ཁྲིད་སྟོན་དུ་བྱས་ཏེ། ཀྲུང་མོང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་འབྲེལ་ཡོད་གནས་ཚུལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་ཆེ་གྲས་ལྔ་ངོ་སྤྲོད་གནང་ཞིང་། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ཀྲུང་གོ་རང་ངོས་དར་རྒྱས་གོང་འཕེལ་ཡོང་བ་བྱ་རྒྱུ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཀྱིས་མཐའ་འཁོར་དང་ཐ་ན་འཛམ་གླིང་ལ་ཕན་པ་ཐོབ་པར་བྱ་རྒྱུ་ཡིན། ཀྲུང་མོང་ཕྱོགས་གཉིས་པོས་མི་རིགས་བསྐྱར་དར་དང་རྒྱལ་ཁབ་དེང་རབས་ཅན་གྱི་ལམ་བུའི་ཐོག་མཉམ་དུ་མདུན་སྐྱོད་བྱས་ཏེ། མཉམ་འདྲེས་འཕེལ་རྒྱས་དང་ལས་དབང་གཅིག་མཐུན་གྱི་དཔེ་མཚོན་བཏོད་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཆོག་ཅེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་དང་རང་རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱས་ནས། ཕ་རོལ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་སྡེ་ཚན་ཁག་དང་རིམ་པ་ཁག་གི་གྲོས་མོལ་མཉམ་ལས་དང་རྒྱལ་སྲིད་སྐྱོང་ལུགས་ཐད་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང“རྩྭ་ཐང་ལམ་བུའི”གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་མོང་གོལ་རྒྱལ་ཁབ་ཀྱི“བསྐྱར་དར་གྱི་སྲིད་ཇུས་གསར་པ” ཀྲུང་གོའི“གོམ་སྟབས་གཉིས”ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་དང་མོང་གོལ་རྒྱལ་ཁབ་ཕྱོགས་ཀྱི“2050ལོའི་ཕུགས་ཀྱི་དམིགས་ཚད”ཀྱི་ཡུན་རིང་འཕེལ་རྒྱས་སྲིད་ཇུས་བཅས་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། སྒུལ་ཤུགས་ཆེན་པོ་དེ་གསུམ་བརྒྱུད་ཀྲུང་མོང་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ་གཏེར་ལས། མཉམ་སྦྲེལ་མཉམ་མཐུད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཆ་འཕྲིན་ལག་རྩལ་དང་འབྲོག་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་འགན་སྡེ་ཚན་གྱིས་མུ་མཐུད་འབྲེལ་མཐུད་དམ་ཟབ་བྱས་ནས། མཉམ་སྦྲེལ་མཉམ་མཐུད་ཀྱི་བགྲོད་ལམ་གསར་པ་སྔ་ཙམ་བཏོད་དེ་ཀྲུང་གོ་དང་། མོང་གོལ་རྒྱལ་ཁབ། ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་དང་ཀྲུང་ཨུའི་རང་བྱུང་སོལ་རླངས་མདོང་ལམ་མོང་གོལ་རྒྱལ་ཁབ་ཀྱི་ས་ཁོངས་ནས་སྒྲོལ་བའི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས“ལྗོན་ཤིང་སྡོང་རྐང་དུང་ཕྱུར་བཅུ་འདེབས་པའི”མོང་གོལ་རྒྱལ་ཁབ་ཕྱོགས་ཀྱི་འཆར་གཞིར་བསྔགས་བརྗོད་བྱ་རྒྱུ་མ་ཟད། མོང་གོལ་རྒྱལ་ཁབ་ཕྱོགས་དང་ཀྲུང་མོང་གི་བྱེ་ཐང་ཅན་འགོག་བཅོས་མཉམ་ལས་ལྟེ་གནས་འཛུགས་རྒྱུའི་གྲོས་བསྡུར་ཡང་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ད་དུང་ཁྲིམས་འཛུགས་སྒྲིག་གཞི་དང་། སྲིད་གཞུང་། སྲིད་ཏང་། ས་གནས་སོགས་སྡེ་ཚན་དང་ཚན་རྩལ་དང་། སློབ་གསོ། འཕྲོད་བསྟེན། ཡུལ་སྐོར། སྨྱན་སྦྱོར། གཞོན་ནུ། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་མོང་མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་རོགས་རམ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་མོང་གོལ་རྒྱལ་ཁབ་ཀྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་ལྟེ་གནས་སོགས་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས། ཀྲུང་མོང་མཛའ་གྲོགས་ཀྱི་མཚོན་རྟགས་གསར་པ་གཏོད་འདོད་ཡོད།
     ཧུའུ་རི་ལེ་སུའུ་ཧོ་ཡིས་བརྗོད་དོན། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་ངས་སླར་ཡང་རྟེན་འབྲེལ་ཞུ་རྒྱུ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་གྲུབ་འབྲས་ཐོབ་པའི་ངང་མངོན་འགྱུར་བྱས་པར་མོང་གོལ་རྒྱལ་ཁབ་ཕྱོགས་དགའ་ཚོར་ཆེན་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གིས་མུ་མཐུད་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་བཀག་ལྟར་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་ངེས་ཡིན་པ་མོང་གོལ་རྒྱལ་ཁབ་ཕྱོགས་ལ་ཡིད་ཆེས་བརྟན་པོ་ཡོད། མོང་ཀྲུང་ནི་རི་ཆུ་འབྲེལ་བའི་ཡུན་གཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད་ལ། ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་ཀྱང་རེད། ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་ཕྱོགས་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་བཅག་ནས“དཀའ་སྡུག་ཁྲོད་ནས་ཟོལ་མེད་བརྩེ་སེམས”གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། མོང་གོལ་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཆབ་སྲིད་ཐད་འགྲོ་འོང་དམ་ཟབ་བྱས་ནས། ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་ཕྱོགས་གཉིས་པོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱས་ཏེ། མོང་ཀྲུང་དབར་གྱི་ངར་ལྕགས་ལྟ་བུའི་མཛའ་གྲོགས་ཟབ་ཏུ་གཏོང་འདོད་ཡོད་ལ། མོང་གོལ་རྒྱལ་ཁབ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་རྒྱུ་མ་ཟད། སྲིད་ཇུས་དེར་འགྱུར་ལྡོག་གང་ཡང་འགྲོ་མི་སྲིད་ཅེས་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད།
     ཕྱོགས་གཉིས་པོས《དུས་རབས་གསར་པར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོང་གོལ་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཏེ། མཉམ་དུ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཞི་བདེ་མཉམ་གནས་དང་། ཕན་ཚུན་ལྟ་སྐྱོང་། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་ཁབ་གཉིས་པོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ཕྱོགས་སུ་འབད་བརྩོན་བྱ་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་གནང་བ་རེད།

ཟླ་11ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཧུའུ་རི་ལེ་སུའུ་ཧོར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
ཟླ་11ཚེས་28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧོ་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཧུའུ་རི་ལེ་སུའུ་ཧོར་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།