མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨུ་རུ་སུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་བཞི་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་01ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་བཞི་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་ཨུའི་ནུས་རྒྱུ་མཉམ་ལས་ནི་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན་ལ་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཀྱང་ཡིན། ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་གི་མདུན་དུ་ཀྲུང་ཨུ་ཕྱོགས་གཉིས་པོས་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དེ་ཐོག་ནས་ཀྲུང་ཨུའི་ནུས་རྒྱུ་མཉམ་ལས་ཀྱི་མཉེན་ཤུགས་ཆེན་པོ་མངོན་ཡོད་ལ་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཡང་གསལ་འགྲེལ་ཐུབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་མཉམ་དུ་དེ་བས་དམ་ཟབ་ཀྱི་ནུས་རྒྱུ་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བ་བཏོད་དེ་ནུས་རྒྱུ་གཙང་མ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་ནུས་རྒྱུའི་བདེ་འཇགས་དང་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས་རྒྱལ་སྤྱིའི་ནུས་རྒྱུའི་ཁྲོམ་ར་ཡུན་རིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     དེ་ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཀྱང་ཀྲུང་ཨུའི་ནུས་རྒྱུའི་ཚོང་དོན་གླེང་སྟེགས་སྐབས་བཞི་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།