མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་03ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་11ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས“ཡུན་རིང་བརྟན་ལྷིང་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས། ཕན་ཚུན་ཡིད་ཆེས། ཕྱོགས་ཡོངས་མཉམ་ལས”བཅས་ཀྱི་མཛད་ཕྱོགས་དང“ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ”བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཐད་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་དང་། དཔལ་འབྱོར་ཐད་ཕན་ཚུན་གཉིས་ཁེ་གཉིས་ཕན། མི་ཆོས་རིག་གནས་ཐད་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་བཅས་བྱས་ནས་ཀྲུང་ལོའི་ལས་དབང་གཅིག་མཐུན་འདུས་གྲུབ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་དང་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
     དང་ཐོག་ཞི་ཅིན་ཕིང་གིས། བློ་མཐུན་ཅང་ཙེ་མིན་ལ་སྙུན་གཞི་ཕོག་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཟླ་11ཚེས་30ཉིན་ཧྲང་ཧའེ་རུ་སྐུ་གཤེགས་པ་རེད། བློ་མཐུན་ཅང་ཙེ་མིན་ནི་ཀྲུང་གོའི་ཏང་དང་། དམག་དཔུང་། མི་རིགས་ཁག་གི་མི་དམངས་བཅས་ཀུན་གྱིས་ཁས་ལེན་པའི་དབང་གྲགས་ཆེ་བའི་འགོ་ཁྲིད་ཁྱད་དུ་འཕགས་པ་ཞིག་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། རླབས་ཆེན་གྱི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཕུལ་བྱུང་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་གི་འགོ་ཁྲིད་མཉམ་སྡེབ་མི་རབས་གསུམ་པའི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་མཁན་གཙོ་བོ་བཅས་རེད། ང་ཚོས་ཡིད་ཤིན་ཏུ་སྐྱོ་བའི་ངང་བློ་མཐུན་ཅང་ཙེ་མིན་ལ་མྱ་ངན་ཞུ་རྒྱུ་དང་། སྐྱོ་གདུང་སྟོབས་ཤུགས་སུ་བསྒྱུར་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཐུང་ལུན་གྱིས་བློ་མཐུན་ཅང་ཙེ་མིན་སྐུ་གཤེགས་པར་ཡིད་སྐྱོ་བའི་ངང་ནས་མྱ་ངན་ཞུས་ཤིང་། ཁོང་གིས། དེ་ནི་ཀྲུང་གོའི་ཏང་དང་མི་དམངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན་པ་ལོ་སིའི་ཏང་དང་མི་དམངས་ལའང་ཚོར་སྣང་ཟབ་མོ་བྱུང་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་གནས་ཚུལ་གཙོ་བོ་ངོ་སྤྲོད་གནང་ཞིང་། ཁོང་གིས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་བཏོད་པ་སོགས་ཀྱི་གནད་དོན་གལ་ཆེན་རྒྱས་གླེང་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་བཏོན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་བརྒྱུད་ཡོད་ལ། སླར་ཡང་རྒྱུགས་འབུལ་ལམ་བུ་གསར་པར་བསྐྱོད་ཡོད། གྲུབ་འབྲས་གསར་པ་དེ་བས་ཆེ་བ་བཏོད་དེ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་དང་འཇོན་ཐང་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ལོ་སི་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་བཅུ་གཅིག་པ་འཚོགས་ཚུན། རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྒྱལ་སྤྱི་དང་རྒྱལ་ནང་གི་དུས་བབ་ལ་ཕྱོགས་ནས་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། རང་ངོས་ཀྱི་ཁྱད་ཆོས་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་མཐའ་འཁྱོངས་སྐྱོད་པ། ཆབ་སྲིད་དང་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྲུང་སྐྱོང་ཧུར་ཐག་བཅས་བྱས་པ་དང་ཆབས་ཅིག ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཕུལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་གྱིས་གཙོ་བོ་གནང་བའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལོ་སིའི་མི་དམངས་ཀྱིས་ལོ་སི་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་བཅུ་གཅིག་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་སི་མི་དམངས་གསར་བརྗེ་ཏང་དང་མཐུན་སྒྲིལ་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་དུ་སྐྱོད་པའི་ཡིད་ཆེས་བརྟན་དུ་གཏོང་བ་བཅས་བྱས་ནས་མིའི་རིགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
     ཐུང་ལུན་གྱིས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་ནི་ཀྲུང་གོའི་དུས་རབས་གསར་པའི་དོན་ཆེན་གལ་ཆེན་ཞིག་ཡིན་པ་དེས་འཛམ་གླིང་གི་འཕེལ་རྒྱས་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། འཛམ་གླིང་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འགྲོ་བཞིན་པའི་དུས་བབ་འོག་ཀྲུང་གོ་ནི་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྲོག་ཤིང་ལྟ་བུ་ཡིན་པ་དང་མིའི་རིགས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་འབད་བརྩོན་བྱེད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག་ཀྲུང་གོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     གྲོས་མོལ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་དང་ཐུང་ལུན་གྱིས་ཕྱོགས་གཉིས་པོས་སྲིད་ཏང་དང་། དཔལ་འབྱོར་ཚོང་དོན། དངུལ་རྩ། རིག་གནས་སློབ་གསོ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་མཉམ་དུ་དཔང་པོ་གནང་བ་རེད།
     ཝང་དབྱི་དང་ཧོ་ལི་ཧྥུང་སོགས་གོང་གསལ་བྱེད་སྒོར་ཞུགས་པ་རེད།