མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་སུའུ་ཨོའུ་ཏེ་རྒྱལ་པོའི་སློབ་ཆེན་ནས་གནང་བའི་མཚན་འཛིན་འབུམ་རམས་པའི་སློབ་གནས་བཞེས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་10ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རི་ཡ་ཏེ་རྒྱལ་པོའི་ཕོ་བྲང་དུ་སུའུ་ཨོའུ་ཏེ་རྒྱལ་པོའི་སློབ་ཆེན་གྱི་མཚན་འཛིན་འབུམ་རམས་པའི་སློབ་གནས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་མཉམ་དུ་མཛད་སྒོར་ཞུགས་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རི་ཡ་ཏེ་རྒྱལ་པོའི་ཕོ་བྲང་དུ་སུའུ་ཨོའུ་ཏེ་རྒྱལ་པོའི་སློབ་ཆེན་གྱི་མཚན་འཛིན་འབུམ་རམས་པའི་སློབ་གནས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་མཉམ་དུ་མཛད་སྒོར་ཞུགས་པ་རེད།

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་རི་ཡ་ཏེ་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་8ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རི་ཡ་ཏེ་རྒྱལ་པོའི་ཕོ་བྲང་དུ་སུའུ་ཨོའུ་ཏེ་རྒྱལ་པོའི་སློབ་ཆེན་གྱི་མཚན་འཛིན་འབུམ་རམས་པའི་སློབ་གནས་སྤྲོད་པའི་མཛད་སྒོར་ཞུགས་པ་རེད། སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེ་མཉམ་དུ་མཛད་སྒོར་ཞུགས་པ་རེད།
    སུའུ་ཨོའུ་ཏེ་རྒྱལ་པོའི་སློབ་ཆེན་གྱི་སློབ་སྤྱི་ཨོའུ་མེར་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་སོ་ཏི་ཨ་རབ་ཀྱི་སློབ་གསོའི་བློན་ཆེན་པིན་ཡན་གྱིས་ཞི་ཅིན་ཕིང་ལ་མཚན་འཛིན་འབུམ་རམས་པའི་སློབ་གནས་ལག་ཁྱེར་གནང་བ་རེད།
    སོ་ཏི་ཨ་རབ་ཕྱོགས་ཀྱིས། སུའུ་ཨོའུ་ཏེ་རྒྱལ་པོའི་སློབ་ཆེན་ནི་སོ་ཏི་ཨ་རབ་ཀྱི་གཟི་བརྗིད་ལྡན་པའི་སློབ་ཆེན་དང་པོ་དེ་རེད། འཛམ་གླིང་གི་དཔལ་འབྱོར་བཀོད་པའི་ཁྲོད་ཀྲུང་གོས་གནས་བབ་གལ་ཆེན་བཟུང་ཡོད་ལ། ཡར་ཐོན་དང་དར་རྒྱས་ཡོང་རེ་བྱེད་མཁན་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཡིད་སྨོན་བྱེད་པའི་མིག་དཔེ་ཞིག་ཀྱང་རེད། ཀྲུང་གོར་གྲུབ་འབྲས་ཧ་ཅང་ཆེན་པོ་འདི་ལྟ་བུ་ཐོབ་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ལྟ་བུ་འཐབ་ཇུས་ཀྱི་གཟིགས་རྒྱང་ལྡན་པ་དང་གཟིགས་རྒྱང་རིང་ལ་དགོངས་པ་ཟབ་པའི་འགོ་ཁྲིད་པ་རླབས་པོ་ཆེ་ཡོད་པས་རེད། སུའུ་ཨོའུ་ཏེ་རྒྱལ་པོའི་སློབ་ཆེན་གྱིས་རྒྱ་ཡིག་སློབ་ཁྲིད་དང་ཀྲུང་གོ་དང་ཨ་རབ་ཀྱི་ཡིག་སྒྱུར་སློབ་ཁྲིད་བྱས་པ་ལས་སོ་ཏི་ཨ་རབ་ཀྱི་སློབ་མ་མང་པོ་ཞིག་གིས་ཀྲུང་ཧྭའི་རིག་གནས་ལ་ཡིད་སྨོན་ཆེན་པོས་རྒྱ་ཡིག་སློབ་སྦྱོང་ནན་ཏན་བྱས་པ་མ་ཟད། ཀྲུང་གོའི་སློབ་མ་མང་པོ་ཞིག་གིས་ཀྱང་དེ་གར་ཨ་རབ་ཀྱི་སྐད་དང་ཨ་རབ་ཀྱི་རྩོམ་རིག་སློབ་སྦྱོང་བྱས་ནས་སོ་ཏི་ཨ་རབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རིག་གནས་སྤེལ་རེས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ཕན་ཚུན་བསམ་ཤེས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། རྒྱལ་སྲིད་སྐྱོང་བའི་ཐད་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དང་དེ་བཞིན་སོ་ཏི་ཨ་རབ་དང་ཀྲུང་གོའི་མཛའ་གྲོགས་དང་མཉམ་ལས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་བ་མངོན་པར་བྱ་ཆེད། སུའུ་ཨོའུ་ཏེ་རྒྱལ་པོའི་སློབ་ཆེན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་དོ་དམ་རིག་པའི་མཚན་འཛིན་འབུམ་རམས་པའི་སློབ་གནས་སྤྲད་པར་ཧ་ཅང་དགའ་པོ་བྱུང་ཞེས་བརྗོད་པ་རེད།