མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་ལ་ཞུགས་པ་
དང་འབྲེལ་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་ཟིན་ཏེ། ཞི་ཅིན་ཕིང་རྒྱལ་ནང་དུ་ལོག་ཕེབས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་12ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

    འདི་ག་ཚགས་པར་ཁང་དུ་རི་ཡ་ཏེ་ནས་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་10ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་དང་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་གྱི་དབུ་ཚོགས་ལ་ཞུགས་པ་དང་འབྲེལ་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་ཟིན་ནས་རྒྱལ་ནང་དུ་ལོག་ཕེབས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཏིང་ཤུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་དོན་ཨུ་ཡོན་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཧྥུང་སོགས་ཕེབས་རོགས་མི་སྣ་ལྷན་དུ་ལོག་ཕེབས་པ་རེད།
     རི་ཡ་ཏེ་ནས་ཞལ་གྱེས་སྐབས། སོ་ཏི་ཨ་རབ་ཀྱི་རི་ཡ་ཏེ་ཞིང་ཆེན་གྱི་ཧྲེང་ཀྲང་ཧྥེ་སར་ཆིན་ཝང་དང་། ཕྱི་འབྲེལ་བློན་ཆེན་ཧྥེ་སར་ཆིན་ཝང་། ཀྲུང་གོའི་ལས་དོན་བློན་ཆེན་ལུའུ་མེ་ཡན་སོགས་གོང་མ་ཚང་གི་ཁོངས་མི་གལ་ཆེན་དང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་བཅས་ཀྱིས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།