མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་སྒྱུ་རྩལ་མཁས་ཅན་ལ་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་27ཉིན། 13:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་གིས་ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་སྒྱུ་རྩལ་མཁས་ཅན་ལ་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོཌ་མཐའ་འཁྱོངས་དང་དུས་རབས་གསར་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་ནས་ཀྲུང་གོ་བའི་སྙིང་སྟོབས་མཚོན་པར་བྱེད་དགོས།
     འཕྲིན་ལན།
     ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་སྒྱུ་རྩལ་མཁས་ཅན་རྣམས་ལ།
     ཁྱེད་ཚོ་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། འདི་ལོ་ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་སྔ་མིང་ཡིན་པའི་ཀྲུང་དབྱང་གླུ་གར་ཚོགས་པ་བཙུགས་ནས་ལོ་70འཁོར་བ་དང་ཤར་ཕྱོགས་གླུ་གར་ཚོགས་པ་བཙུགས་ནས་ལོ་60འཁོར་བ་དང་ཏག་ཏག་འཁེལ་བས་ཁྱེད་ཚོ་དང་དེ་བཞིན་འཁྲབ་སྟོན་པ་དང་ལས་མི་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
     ལོ་མང་རིང་། ཁྱེད་ཚོས་ཏང་གི་རིག་རྩལ་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་མང་པོ་བཏོན་ཏེ། རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་དང་ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ཀྲུང་གོ་གསར་པའི“རིག་གནས་ཕོ་ཉ”གལ་ཆེན་དང་བཀྲག་མདངས་འཚེར་བའི“རིག་གནས་མིང་བྱང”ལ་གྱུར་ཡོད། སྒྱུ་རྩལ་མཁས་ཅན་མི་རབས་མང་པོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དུས་རབས་ལ་གླུ་དབྱངས་ལེན་པ་དང་མི་དམངས་ལ་གླུ་གར་འཁྲབ་ནས་རིག་རྩལ་ལས་དོན་པའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད།
     ཁྱེད་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། ཀུན་སྤྱོད་དང་སྒྱུ་རྩལ་གོང་བཀུར། གཞུང་འཁྱོངས་གསར་འབྱེད། དུས་རབས་གསར་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། ཀྲུང་གོ་བའི་སྙིང་སྟོབས་མཚོན་པ་བཅས་བྱས་ཏེ། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་གནས་རང་རྟོན་རང་དར་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་རྒྱུའི་རེ་བ་ཡོད།
     ཞི་ཅིན་ཕིང་།
     2022ལོའི་ཟླ་12ཚེས་24ཉིན།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་25ཉིན་འབྱོར་བའི་གློག་འཕྲིན)
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་24ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་སྒྱུ་རྩལ་མཁས་ཅན་ཚོར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས་པའི་སྐུལ་ལྕག་གནང་བ་རེད།
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། འདི་ལོ་ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་སྔ་མིང་ཡིན་པའི་ཀྲུང་དབྱང་གླུ་གར་ཚོགས་པ་བཙུགས་ནས་ལོ་70འཁོར་བ་དང་ཤར་ཕྱོགས་གླུ་གར་ཚོགས་པ་བཙུགས་ནས་ལོ་60འཁོར་བ་དང་ཏག་ཏག་འཁེལ་བས། ཁྱེད་ཚོ་དང་དེ་བཞིན་འཁྲབ་སྟོན་པ་དང་ལས་མི་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
     ཞི་ཅིན་ཕིང་གིས་བསྟན་དོན། ལོ་མང་རིང་། ཁྱེད་ཚོས་ཏང་གི་རིག་རྩལ་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་མང་པོ་བཏོན་ཏེ། རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་དང་ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ནས་ཀྲུང་གོ་གསར་པའི“རིག་གནས་ཕོ་ཉ”གལ་ཆེན་དང་བཀྲག་མདངས་འཚེར་བའི“རིག་གནས་མིང་བྱང”ལ་གྱུར་ཡོད། སྒྱུ་རྩལ་མཁས་ཅན་མི་རབས་མང་པོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་དུས་རབས་ལ་གླུ་དབྱངས་ལེན་པ་དང་མི་དམངས་ལ་གླུ་གར་འཁྲབ་ནས་རིག་རྩལ་ལས་དོན་པའི་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ཡོད།
     ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོཌ་མཐའ་འཁྱོངས་དང་། ཀུན་སྤྱོད་དང་སྒྱུ་རྩལ་གོང་བཀུར། གཞུང་འཁྱོངས་གསར་འབྱེད། དུས་རབས་གསར་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། ཀྲུང་གོ་བའི་སྙིང་སྟོབས་མཚོན་པ་བཅས་བྱས་ཏེ། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་། རིག་གནས་རང་རྟོན་རང་དར་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཆེད་བྱས་རྗེས་གསར་པ་སླར་ཡང་འཇོག་རྒྱུའི་རེ་བ་ཡོད།
     ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་སྔ་མིང་གཙོ་བོ་གཉིས་ཡོད་པ་ནི1952ལོའི་ཟླ་12པར་བཙུགས་པའི་ཀྲུང་དབྱང་གླུ་གར་ཚོགས་པ་དང་། 1962ལོའི་ཟླ་དང་པོར་བཙུགས་པའི་ཤར་ཕྱོགས་གླུ་གར་ཚོགས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཚོགས་པ་དེས་སྙན་ངག་དང་རི་མོའི་ནང་དོན་མཚོན་པའི་ཞབས་བྲོ《རྒྱལ་ཁབ་ཀྱི་ཉམས་འགྱུར》དང་། རོལ་དབྱངས་ཞབས་བྲོ《ཀྲུང་གོའི་གཏམ་རྒྱུད། ལོ་སྐོར་བཅུ་གཉིས》སྙན་ངག་ཟློས་གར《སྔོ་ལྗང་རི་ཆུ——རི་མོའི་ཞབས་བྲོ〈ལེ་དབར་སྟོང་གི་རི་ཀླུང་རི་མོ〉》 རོལ་དབྱངས་ཟློས་གར《རབ་དུ་བཞད་པ》སོགས་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་པའི་རིག་རྩལ་བརྩམས་ཆོས་ཁག་གཅིག་གསར་རྩོམ་དང་འཁྲབ་སྟོན་བྱས་ཡོད། ཉེ་ཆར། ཀྲུང་གོ་ཤར་ཕྱོགས་འཁྲབ་སྟོན་སྒྱུ་རྩལ་ཚོགས་པའི་སྒྱུ་རྩལ་མཁས་ཅན10ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་དུས་རབས་གསར་པའི་ལོ་བཅུའི་ནང་རིག་རྩལ་གསར་རྩོམ་བྱས་པའི་གྲུབ་འབྲས་སྙན་སེང་ཞུས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་སྒྱུ་རྩལ་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་བ་དང་ཀྲུང་གོའི་གསུང་སྒྲ་ཁྱབ་སྤེལ་ཡག་པོ་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།