མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》 དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་12ཉིན། 12:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་10ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩོམ་འབྲི་བྱས་པའི《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》ཉེ་ཆར་ཀྲུང་གོ་བུད་མེད་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
     《ཞི་ཅིན་ཕིང་མི་སེར་གྱི་ཁྱིམ་དུ་ཕེབས་པ》ནི་བཅར་འདྲིའི་རྩོམ་ཡིག་32ལ་བརྟེན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟག་ཞིབ་གནང་རིང་། མི་སེར་གྱི་ཁྱིམ་ཚང་རེ་རེ་བཞིན་ལ་ཕེབས་པ་དང་། འཚོ་བའི་བདེ་སྡུག་བཀའ་འདྲི་གནང་བ། དམངས་ཀྱི་གནས་ཚུལ་དང་འདུན་པ་མཁྱེན་རྟོགས་གནང་བ། དམངས་ཕན་སྲིད་ཇུས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་གླེང་བ་དང་། “མི་དམངས་ཀྱི་གཙོ་འཛིན་གྱིས་མི་དམངས་ལ་དགའ་ཞེན་དང་། མི་དམངས་ཀྱི་གཙོ་འཛིན་ལ་མི་དམངས་ཀྱིས་དགའ་ཞེན་བྱེད་པའི”མི་སེམས་འགུལ་བའི་རྣམ་པ་གསོན་ཉམས་དོད་པའི་སྒོ་ནས་མཚོན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན་པའི”ལྷད་མེད་ཀྱི་བརྩེ་སེམས་མཚོན་པར་བྱས་པས་ཁྱིམ་ཚང་ཁྲི་སྟོང་མང་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་ཕན་ཐོགས་ཡོད་པ་རེད།