མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ནེ་པ་ལར་འགྲུལ་སྐྱེལ་གནམ་གྲུ་ལྷུངས་བའི་ལས་འཛོལ་ཐོན་པར་ནེ་པ་ལའི་ཙུང་ཐུང་པན་ཏ་ལིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་19ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

          ཞི་ཅིན་ཕིང་གིས་ནེ་པ་ལར་འགྲུལ་སྐྱེལ་གནམ་གྲུ་ལྷུངས་བའི་ལས་འཛོལ་ཐོན་པར་ནེ་པ་ལའི་ཙུང་ཐུང་པན་ཏ་ལིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ། ལི་ཁེ་ཆང་གིས་ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་འགྲུལ་སྐྱེལ་གནམ་གྲུ་ལྷུངས་བའི་ལས་འཛོལ་ཐོན་པར་ནེ་པ་ལའི་ཙུང་ཐུང་པན་ཏ་ལིར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
     ཞི་ཅིན་ཕིང་གིས། ནེ་པ་ལར་འགྲུལ་སྐྱེལ་གནམ་གྲུ་ལྷུངས་བའི་ལས་འཛོལ་ཐོན་ནས་མི་སྣ་མང་པོ་ཤི་རྨས་བྱུང་བ་ཐོས་བྱུང་། ངས་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏར་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།