མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་སྲིད་འཛིན་ཞིབ་མཆན་བྱ་སྤྱོད་
ཚད་ལྡན་དུ་བཏང་ནས་སྲིད་འཛིན་ཞིབ་མཆན་གྱི་འབྲེལ་ཡོད་ལས་དོན་ལེགས་
སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་>>པར་འགྲེམས་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་06ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཆོག་མཆན་གནང་བ་བརྒྱུད་ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་<<རྒྱལ་སྲིད་སྤྱི་ཁྱབ་ཁང་སྡེ་ཚན་གྱི་སྲིད་འཛིན་ཞིབ་མཆན་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་སྲིད་འཛིན་ཞིབ་མཆན་གྱི་འབྲེལ་ཡོད་ལས་དོན་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་>>(གཤམ་དུ་<<བརྡ་ཐོ་>>ཞེས་མིང་བསྡུ་རྒྱུ)པར་འགྲེམས་བྱས་ནས་སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་བཀོད་སྒྲིག་བྱས་ཏེ་ཞིབ་མཆན་གྱི་ལྷུ་ཚིགས་མང་བ་དང་། དུས་ཚོད་རིང་བ། རང་སྣང་ཆེ་བ། ཡོངས་བསྒྲགས་དང་ཁ་གསལ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་སྲིད་གཞུང་གི་ལས་ཕྱོད་དང་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
         <<བརྡ་ཐོའི་>>ནང་སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་བསྒྱུར་ནས་ཁྲིམས་ལྟར་སྲིད་འཛིན་མཐའ་འཁྱོངས་བྱས་ཏེ་ལས་ཁུངས་ཁུ་བསྡུ་དང་། དབང་ཆ་གཤམ་སྤྲོད་དང་དོ་དམ་ལྷུག་གཏོང་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྲིད་འཛིན་ཞིབ་མཆན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཞིབ་མཆན་ལས་ཕྱོད་ཆེ་རུ་གཏོང་བ། ཁྲོམ་རའི་སྤྱི་ཚོགས་གསོན་ཤུགས་ལ་སྐུལ་འདེད། གཞུང་དྲང་འགྲན་རྩོད་ཀྱི་ཁོར་ཡུག་གཏོད་པ། དབང་ཆ་བོགས་འཚོལ་གྱི་བར་ཁམས་ཆུང་དུ་གཏོང་བ། རུལ་སུངས་ཆགས་སའི་གནས་མེད་པ་བཟོ་བ་བཅས་བྱས་ཏེ་སྲིད་འཛིན་ཞིབ་མཆན་དེ་ཁྲིམས་སྐྱོང་གི་སྲོལ་ལམ་ནང་འཁོར་སྐྱོད་ཐུབ་རྒྱུ་འགན་ལེན་གྱིས་སྲིད་གཞུང་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་དང་ལག་བསྟར་ནུས་པ་སྔར་བས་མཐོ་རུ་བཏང་སྟེ་གསར་གཏོད་སྲིད་གཞུང་དང་། སྤྱོད་གཙང་སྲིད་གཞུང་། ཁྲིམས་སྐྱོང་སྲིད་གཞུང་བཅས་བསྐྲུན་རྒྱུའི་ནན་བཤད་བྱས་ཡོད།
        <<བརྡ་ཐོའི་>>ནང་སྲིད་འཛིན་ཞིབ་མཆན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་ཐད་ཕྱོགས་དྲུག་ཐད་ཀྱི་ཞིབ་ཕྲའི་བྱེད་ཐབས་བཏོན་པ་སྟེ། གཅིག་ནི“སྐར་ཁུང་གཅིག”གི་བདག་སྤྲོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་དྲ་ཐོག་ནས་གཅིག་སྡུད་ཐོག་སྔོན་ཚུད་ནས་བདག་སྤྲོད་དང་ཞིབ་བཤེར་བྱ་རྒྱུ་ཁྱབ་གདལ་བཏང་ནས་ཆ་རྐྱེན་བཏོད་དེ་དྲ་ཐོག་ནས་ཞིབ་མཆན་འགོད་རྒྱུ་ཁྱབ་གདལ་གཏོང་དགོས་པ་དང་། གཉིས་ནི་བདག་སྤྲོད་ཤོག་བྱང་ལམ་ལུགས་ཁྱབ་གདལ་བཏང་སྟེ་རེ་ཞུའི་དཔྱད་ཡིག་གཏན་འབེབས་དང་མཐུན་རིགས་ལ་བདག་སྤྲོད་བྱེད་པ་དང་འབྲེལ་བདག་སྤྲོད་ཤོག་བྱང་སྤྲོད་པ་དང་། རེ་ཞུའི་དཔྱད་ཡིག་ཆ་ཚང་པོ་མེད་པའམ་ཡང་ན་གཏན་འབེབས་དང་མི་མཐུན་རིགས་ཐེངས་གཅིག་རང་བཞིན་གྱི་ཡིག་ཐོག་ནས་རེ་ཞུ་མཁན་ལ་ཁ་གསབ་བྱེད་དགོས་པའི་ནང་དོན་ཤོད་དགོས་པ། གསུམ་ནི་དུས་བཅད་ཁས་ལེན་ལམ་ལུགས་གཉེར་རྒྱུ་ལག་བསྟར་བྱས་ཏེ་ཞིབ་མཆན་གྱི་དུས་བཅད་སྔར་བས་ཉུང་དུ་བཏང་སྟེ་ཞིབ་མཆན་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས་པ། བཞི་ནི་ཞབས་ཞུའི་ཕྱོགས་སྟོན་བཟོས་ནས་འབྲེལ་ཡོད་ནང་དོན་ཁ་གསལ་བཀོད་དེ་ཞིབ་ཕྲ་དང་གསལ་པོ་ཡོང་བ་བྱེད་དགོས་པ། ལྔ་ནི་ཞིབ་མཆན་ལས་དོན་གྱི་ཞིབ་སྲོལ་བཟོས་ནས་སྲིད་འཛིན་གྱི་དབང་ཆ་ཚད་ལྡན་དུ་གཏོང་དགོས་པ། དྲུག་ནི་སྡེ་ཚན་ལས་བརྒལ་བའི་ཞིབ་མཆན་ལེགས་སུ་གཏོང་རྒྱུ་སོགས་ཀྱི་ལས་དོན་འཚོལ་ཞིབ་བྱེད་དགོས་པ་བཅས་རེད།
         <<བརྡ་ཐོའི་>>ནང་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགུལ་ངང་སྡེ་ཚན་དེ་རང་གི་སྲིད་འཛིན་ཞིབ་མཆན་གྱི་དཀར་ཆག་དང་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་པ་དང་། དུས་ཐོག་དང་གནད་ལ་འཁེལ་བའི་ཐོག་ནས་སྲིད་འཛིན་ཞིབ་མཆན་གྱི་བདག་སྤྲོད་དང་། འཕེལ་རིམ། འབྲས་བུ་སོགས་ཡོངས་བསྒྲགས་བྱེད་དགོས་པའི་ཐོག“ཉི་འོད་ཞིབ་མཆན”ལག་བསྟར་བྱེད་དགོས་པ་བཏོན་ཡོད།