མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུར་
གྲོས་བསྡུར་དང་ཞིང་ཆེན་རང་སྐྱོང་ལྗོངས་གྲོང་ཁྱེར་སོ་གཅིག་དང་ཤིན་ཅང་ཐོན་སྐྱེད་
འཛུགས་སྐྲུན་དཔུང་ཚོགས་བཅས་ལ་སྐོར་ཞིབ་བྱས་ཚུལ་སྐོར་གྱི་
ཆེད་དོན་སྙན་ཞུར་གྲོས་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་13ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་12ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་གནང་རྒྱུར་འབུལ་རྩིས་ཡོད་པའི་<<སྲིད་གཞུང་ལས་དོན་སྐོར་གྱི་སྙན་ཞུ་>>ཡི་འཆར་ཟིན་ལ་གྲོས་བསྡུར་དང་། <<ཞིང་ཆེན་རང་སྐྱོང་ལྗོངས་གྲོང་ཁྱེར་སོ་གཅིག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ལ་སྐོར་ཞིབ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ་>>ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
         གྲོས་ཚོགས་ཐོག་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། སྐོར་ཞིབ་ལས་དོན་བྱེད་ཤུགས་ཆེར་གཏོང་དང་ལེགས་བཅོས་བྱ་རྒྱུར་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཀྲུང་དབྱང་གི་སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་ཁ་གསལ་བཟོས་པ་རེད། ཏང་ཀྲུང་དབྱང་གིས་འགོ་ཁྲིད་ནུས་ལྡན་གནང་བའི་འོག་སྐོར་ཞིབ་ལས་དོན་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་བྱ་བའི་ལྟེ་གནད་འདིར་རྩེ་གཅིག་ཏུ་དམིགས་ནས་རུལ་སུངས་དང་། སྒྲིག་ཁྲིམས། ཀུན་སྤྱོད། མི་འདེམས་བསྐོ་དང་བཀོལ་སྤྱོད་བཅས་ཀྱི་ཐད་གནས་པའི་འབུར་ཐོན་གནད་དོན་རྟོགས་ཐབས་ཤུགས་ཆེན་བྱས་ནས་འཇིགས་སྣང་ཆེན་པོ་སྐུལ་བར་བྱས་ཏེ་རྒྱལ་ཡོངས་སུ་སྐོར་ཞིབ་ཁྱབ་པ་དང་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་བྱ་དགོས་ཞེས་བསྟན་པ་རེད།