འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་གཙོའི་གཏམ་ལམ་ཡངས་པོར་འབྱེད་པ་དང་གྲོས་མོལ་ལ་བརྟེན་ནས་ངོས་
    འཛིན་གཅིག་མཐུན་ཆགས་པ་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་04ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         དཔྱིད་རླུང་གི་དབྱངས་རྟ་དང་སྦྲགས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་ཚེས་3ཉིན་རྒྱལ་ས་པེ་ཅིང་དུ་མཉམ་འཛོམས་ཀྱིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་ནས“སྒོ་ཀུན་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་ཐུན་མོང་ཐོག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་ཐབས་འདོན་ཇུས་འགོད་བྱེད། ང་ཚོས་ཚོགས་ཆེན་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན།
            2014ལོའི་ཀྲུང་གོར་རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་དང་ལོ་ལེགས་ཀྱི་འཕྲིན་བཟང་ཁྱབ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་འགག་སྒྲོལ་དཀའ་སེལ་གྱིས་སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་གལ་ཆེན་རབ་དང་རིམ་པར་ཚད་བརྒལ་རང་བཞིན་གྱི་ཡར་རྒྱས་བྱུང་བ་དང་། སྒོ་ཀུན་ནས་ཁྲིམས་ལྟར་རྒྱལ་སྐྱོང་རྐང་དུ་བཟུང་ནས་ཡན་ལག་ཐོན་པ་དང་ཁྲིམས་ལྟར་རྒྱལ་སྐྱོང་མགྱོགས་སུ་བཏང་ནས་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་པ། སྒོ་ཀུན་ནས་ཏང་ནན་སྐྱོང་བྱེད་པར་རྡོ་ལ་རྐང་རྗེས་འཇོག་པ་དང་རུལ་རྒོལ་གཙང་སྤེལ་བྱེད་པར་ལྕགས་ལ་ཤུར་ཐོན་པ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ཤུགས་ཆེན་བྱས་པས་ཏང་སྲོལ་དང་སྲིད་སྲོལ་གསར་རྐྱང་དུ་གྱུར་བ། ཀྲུང་གོ་མི་དམངས་དུང་ཕྱུར་13གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་ཀྱི་ཕྱོགས་སུ་གོམ་སྟབས་བརྟན་པོ་ཞིག་སྤོ་བཞིན་ཡོད།
            རྒྱུན་རྣམ་གསར་པ་སྣེ་ཁྲིད་དང་རྣམ་པ་གསར་པ་གསར་གཏོད་བྱེད་པའི་ཐད་ལོ་ངོ་65ཡི་ལོ་རྒྱུས་ལྡན་པའི་མི་དམངས་སྲིད་གྲོས་ཀྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ལོ་གཅིག་རིང་གི་སྲིད་གྲོས་ལས་དོན་ལ་ཕྱིར་མིག་ལྟ་སྐབས་བཀྲག་མདངས་འཚེར་ས་མང་པོ་མངོན། སྒྱུར་བཅོས་ལ་དམིགས་པ་དང་། སྒྱུར་བཅོས་ཆེད་ཐབས་འདོན་པ། སྒྱུར་བཅོས་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་བྱང་ཤར་གྱི་ས་ནག་ནས་ལྷོ་མཚོའི་སྡོང་དམར་ནགས་ཚལ་བར་སྲིད་གྲོས་ཨུ་ཡོན་གྱིས་བརྟག་ཞིབ་དང་སྲིད་དོན་བློ་འདྲི་བྱེད་པའི་གཟུགས་བརྙན་མཐོང་རྒྱུ་ཡོད། ལས་རིགས་སློབ་གསོའི་མ་ལག་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་ནས་ཐོན་སྐྱེད་བྱེད་ནུས་ཆེ་དྲགས་པའི་འགལ་བ་ཐག་གཅོད་བྱེད་པའི་བར་མི་དམངས་སྲིད་གྲོས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ཆེད་ཐབས་འདོན་ཇུས་འགོད་ཧུར་ཐག་བྱེད་བཞིན་ཡོད། ལྷོ་ཆུ་བྱང་འདྲེན་བྱས་ནས་ཆུའི་སྤུས་ཚད་སྲུང་སྐྱོང་བྱེད་པ་ནས“ཁུལ་གཅིག་ལམ་གཅིག”གི་སྤྱི་པའི་ཕྱི་འབྲེལ་བར་སྲིད་གྲོས་ཀྱི་ལས་རིགས་ཁག་གི་ཨུ་ཡོན་ཚོས་དམངས་གཙོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གྲོས་མོལ་གྱི་འདུ་ཤེས་ལག་ལེན་བསྟར་བ། འབྲེལ་གཏུག་བྱེད་རྒྱ་ཆེ་བ་དང་འབྲེལ་མཐུད་ཐབས་ལམ་མང་བའི་ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱེད་པ་དང་། ཇུས་བཟང་གྲོས་མོལ་བྱེད་པ། ངོས་འཛིན་གཅིག་མཐུན་ཡོང་བ་བཅས་བྱས་ནས་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།
           དམངས་གཙོའི་གཏམ་ལམ་ཡངས་པོར་འབྱེད་པ་དང་གྲོས་མོལ་ལ་བརྟེན་ནས་ངོས་འཛིན་གཅིག་མཐུན་ཆགས་པ་བྱེད། ཀྲུང་གོ་མི་དམངས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི་གལ་ཆེན། རང་རྒྱལ་གྱི་ཆབ་སྲིད་འཚོ་བའི་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་གལ་ཆེན་བཅས་ཡིན་པའི་མི་དམངས་སྲིད་གྲོས་ནི་ཏང་ཤོག་ཁག་དང་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་དམངས་གཙོ་དར་སྤེལ་གཏོང་བ་དང་། རྒྱལ་དོན་ནང་ཞུགས་པ། མཐུན་སྒྲིལ་མཉམ་ལས་བཅས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་རེད། བུད་ཤིང་མང་ན་མེ་ལྕེ་མཐོ་ཞེས་པ་ལྟར་བརྗོད་བྱ་གཙོ་བོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོ་མཐའ་འཁྱོངས་ཀྱིས་ཚང་མས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱས་ཚེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ཁྱད་ཆོས་དང་ལེགས་ཆ་དེ་སྔར་བས་འདོན་སྤེལ་ཐུབ་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་འདུ་ཤེས་དེ་སྔར་བས་དོན་འཁྱོལ་ཐུབ་ནས་ང་ཚོའི་བྱ་གཞག་དེ་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་ཐུབ།
            དམངས་གཙོ་ནི་མཛེས་རྒྱན་མིན་ལ་བཟོ་ལྟ་ཙམ་ཡང་མིན། གྲོས་མོལ་བྱེད་པར་དངོས་གནས་གྲོས་མོལ་དང་དམངས་གཙོ་བྱེད་པར་དངོས་གནས་དམངས་གཙོ་བྱེད་དགོས་པ་དང་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱིས་དམངས་གཙོའི་གྲོས་མོལ་བྱེད་པའི་དམིགས་ཡུལ་གལ་ཆེན་ཞིག་རེད། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་གཙོ་གཟུགས་གནས་བབ་ལ་བརྩི་འཇོག་དང་མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ་མི་དམངས་དགེ་རྒན་ལ་བསྟེན་པ་དང་ཆབ་སྲིད་ཀྱི་བློ་གྲོས་རྣོ་རུ་གཏོང་བ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དེ་མི་དམངས་ཀྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཁྲོད་གཞི་ཚུགས་པ་བྱས་ནས་མང་ཚོགས་ཀྱི་འབོད་སྒྲ་ལྷག་བསམ་ཟོལ་མེད་ཀྱིས་ཉན་པ་དང་། མང་ཚོགས་ཀྱི་འདོད་བློ་དངོས་གནས་མཚོན་པ་བྱེད་པ། མང་ཚོགས་ཀྱི་དཀའ་ངལ་ལ་དངོས་གནས་སེམས་ཁུར་བཅས་བྱས་ཚེ་གཞི་ནས་མང་ཚོགས་ཀྱི་གནས་ཚུལ་ཤེས་པ་དང་། མང་ཚོགས་དང་མཐུན་པ། དམངས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱེད་ཐུབ། དེ་ནི་དམངས་གཙོའི་གྲོས་མོལ་གྱི་འགོ་འཛུགས་ས་དང་དོན་ལ་བབ་ས་ཞིག་རེད། ཐོག་མཐའ་བར་གསུམ་དུ་བསམ་ཤེས་བཟོད་སྒོམ་དང་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ནས་བསམ་འཆར་དང་གྲོས་འགོ་སྣ་ཚོགས་གང་ཞིག་ཡིན་རུང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་བརྩི་སྲུང་ཞུ་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་པའི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་ཆེད་ཡིན་ཕྱིན་མོས་མཐུན་ནམ་ཡང་ན་ངོ་རྒོལ་བྱེད་པ་དང་མི་མང་པོས་བཏོན་པའམ་ཡང་ན་མི་ཉུང་ཤས་ཀྱིས་བཏོན་རུང་ཚང་མར་བརྩི་འཇོག་དང་གུ་ཡངས་བྱེད་དགོས། དེ་ནི་དམངས་གཙོའི་གྲོས་མོལ་གྱི་གཏམ་ལམ་ཡངས་པོར་འབྱེད་པ་དང་ལེགས་པའི་བསམ་འདུན་འཚོལ་བསྡུ་བྱེད་པའི་མཚོན་ཚུལ་ཞིབ་ཕྲ་ཞིག་རེད། ཐོག་མཐའ་བར་གསུམ་དུ་བརྟག་ཞིབ་གཏིང་ཟབ་དང་གྲོས་མོལ་ངང་སྲིད་གྲོས་བྱས་ནས་ཆབ་སྲིད་ཁོང་དུ་ཆུད་ནུས་དང་། བརྟག་ཞིབ་ནུས་པ། མང་ཚོགས་དང་འབྲེལ་བ་བྱེད་ནུས། མཉམ་ལས་ངང་ལས་སྒྲུབ་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་གྲོས་མོལ་གྱི་ནང་དོན་རྒྱ་ཆེར་དང་གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ཚེ་གཞི་ནས་གྲོས་མོལ་གྱི་སྤུས་ཚད་དང་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཐུབ། དེ་ནི་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བའི་འགག་རྩ་ཞིག་རེད། ལམ་ལུགས་དང་ལག་བསྟར་རིམ་པ་ནས་བླང་བྱ་དེ་དག་དོན་འཁྱོལ་ཡག་པོ་བྱས་ཚེ་མི་དམངས་སྲིད་གྲོས་ཀྱིས་སྤྱིའི་བགོ་གྲངས་ཆེ་ཤོས་རྙེད་པ་དང་། ཐུན་མོང་གི་ངོས་འཛིན་ཆེ་ཤོས་ཆེ་རུ་གཏོང་བ། གོང་བུ་འགྲིལ་ཤུགས་ཆེ་ཤོས་ཆགས་པ་བཅས་བྱས་ནས་འདས་ཟིན་པའི་གཟི་བརྗིད་རྒྱུན་འཛིན་དང་མ་འོངས་ཀྱི་འོད་སྟོང་གསར་གཏོད་བྱེད་ཐུབ་ངེས་རེད།
            མི་དམངས་སྲིད་གྲོས་ཀྱི་ལོ་ངོ་60ལྷག་ཙམ་གྱི་ལོ་རྒྱུས་ཁྲོད་ཐུན་མོང་གི་ངོས་འཛིན་དེ་ཐོག་མཐའ་བར་གསུམ་དུ་སྤེལ་རེས་ཁྲོད་ཆེ་རུ་འགྲོ་བཞིན་ཡོད་པ་དང་སྟོབས་ཤུགས་ནི་མཉམ་སྒུལ་ཁྲོད་ནམ་ཡང་གཅིག་ཏུ་སྒྲིལ། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་འདྲ་མཉམ་ངང་གནད་དོན་ལ་འཚོལ་ཞིབ་བྱེད་པ་དང་། ཁ་གསང་ཟོལ་མེད་ངང་བསམ་འཆར་འདོན་པ། འབྲེལ་མཐུད་ངང་འགལ་བ་སེལ་བ་བཅས་བྱས་ནས་ཀྲུང་གོའི་གསུང་སྒྲ་ཡག་པོ་སྔར་བས་མང་བ་ཐོན་པ་བྱེད་པ་དང“སྒོ་ཀུན་ནས་བཞིའི”རླབས་ཆེན་བྱ་གཞག་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རིང་མི་རིགས་ལ་བདེ་སྐྱིད་སྐྲུན་པ་དང་རྒྱལ་ཁབ་ལ་གཟི་བརྗིད་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
           ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།
      

    ཕྱོགས་བསྡུས་གསར་འགྱུར།