མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཝང་ཆི་ཧྲན་ཕུའུ་ཅན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་08ཉིན། 08:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཝང་ཆི་ཧྲན་ཕུའུ་ཅན་ཞིང་ཆེན་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་6ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཆི་ཧྲན་ཕུའུ་ཅན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། སུའུ་ཧྲུའུ་ལིན་དང་། ཀྲུང་ཞུའེ་ལིང་། ཤའེ་ཀྲི་པོ་སོགས་འཐུས་མིའི་གཏམ་བཤད་གསན་རྗེས་ཝང་ཆི་ཧྲན་གྱིས། བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་བྱས་ནས་ལོ་རྒྱུས་ཀྱི་འགན་འཁྲིའི་སེམས་པ་ཆེན་པོ་དང་། ལས་འགན་དང་སེམས་ཁྲལ་གྱི་འདུ་ཤེས་ཆེན་པོ། ཞུམ་མེད་ཀྱི་སྙིང་སྟོབས་དང་གཤིས་རྒྱུད་བཅས་ལ་བརྟེན་ནས་རྡོ་ལ་རྗེས་ཐོན་པའི་ངར་ཤུགས་དང་ལྕགས་ལ་ཤུར་ཐོན་པ་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ་ཞིང་ཆེན་རིམ་པའི་གྲུབ་འབྲས་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་ས་ཁུལ་དང་གྲོང་ཁྱེར་རིམ་པར་སྣུར་བསྲིང་བྱས་ནས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་ལ་ཤུགས་སྣོན་རྒྱག་དགོས། འདི་ལོ་འགན་འཁྲི་བདའ་འདེད་གཏོང་རྒྱུ་མངོན་པ་བྱས་ནས་དཔེ་མཚོན་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཏང་གི་འགོ་ཁྲིད་ཀྱི་ལྟེ་བའི་ནུས་པ་ཞན་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུའི་འགན་འཁྲི་མི་འཁུར་བའི་དབང་གིས་མཇུག་འབྲས་ཚབས་ཆེན་བཟོ་རིགས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགན་མཁན། “སྤྱོད་ཚུལ་བཞི”བཀག་ཀྱང་ཐོན་རིགས། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གི་ཚུར་ལན་དང་རྩིས་སྤྲོད་བྱས་པའི་གནད་དོན་དག་ཐེར་མི་བྱེད་པ་དང་ཞིབ་བཤེར་ཐག་གཅོད་མི་བྱེད་མཁན་བཅས་ཀྱི་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས་ཞེས་གསུངས་ཤིང། ཝང་ཆི་ཧྲན་གྱིས་ཕུའུ་ཅན་གྱིས་གོ་སྐབས་དམ་འཛིན་དང་དམིགས་ཚད་དམ་འཛིན་བྱས་ནས“ཕྱོགས་ལྔ་གཞི་གཅིག”ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།