མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་རིག་རྩལ་གཏོགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་
གྲོས་བསྡུར་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་08ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་རིག་རྩལ་གཏོགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་
གྲོས་བསྡུར་ནང་ཞུགས་པ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་6ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་རིག་རྩལ་གཏོགས་ཁོངས་ཀྱི་སྲིད་གྲོས་ཨུ་ཡོན་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ནང་ཞུགས་ཤིང་། མོའོ་ཡན་དང་། ལེའང་ཞའོ་ཧྲེང་། ལིའུ་ཤིང་སོགས་ཨུ་ཡོན་གྱིས་གང་བསམ་ལྷུག་གླེང་གནང་བས་ཚོགས་རའི་རྣམ་པ་དེ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། ཡུས་ཀྲེང་ཧྲེང་གིས་ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་རིག་རྩལ་གསར་རྩོམ་ལ་དཔྱིད་དཔལ་བཞད་ནས་མཐོང་བ་ཀུན་སྨོན་གྱི་ཕུལ་བྱུང་བརྩམས་ཆོས་མང་པོ་ཐོན་པ་དང་དར་རྒྱས་གོང་འཕེལ་གྱི་དགའ་འོས་པའི་རྣམ་པ་ཐོན་ཡོད། རིག་རྩལ་གཏོགས་ཁོངས་ཀྱི་ཨུ་ཡོན་ཚུད་པའི་རྒྱ་ཆེའི་རིག་གནས་ལས་དོན་པས་འགན་འཁྲི་ནན་ཏན་བསྒྲུབས་ནས་རང་སོ་སོའི་ཁྱབ་ཁོངས་ནང་དཀའ་སྤྱད་འབད་བརྩོན་གྱིས་རིག་གནས་གསར་རྩོམ་ལ་བརྩོན་ཞིབ་བྱས་ཏེ་རིག་གནས་ལ་བརྟེན་ནས་དམངས་ལ་ཕན་པ་བསྐྲུན་རྒྱུར་གཞོལ་ནས་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་ཤིང་། ཁོང་གིས་ན་ནིང་ཟླ་བཅུ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས་ང་ཚོར་རིག་རྩལ་དར་རྒྱས་གོང་འཕེལ་དང་རིག་གནས་གསར་གཏོད་བྱེད་པའི་རྣམ་པ་གསར་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད།
         ང་ཚོས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཏེ་མི་དམངས་ལྟེ་བར་བྱེད་པའི་གསར་རྩོམ་ཕྱོགས་སྟོན་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དར་ཆ་མཐོན་པོར་སྒྲེང་བ། ཀྲུང་གོའི་སྙིང་སྟོབས་མཐའ་འཁྱོངས་དང་དར་སྤེལ་གཏོང་བ། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ། རླབས་ཆེན་མི་རིགས་དང་རླབས་ཆེན་དུས་རབས་ལ་ངོ་གནོང་མི་དགོས་པའི་བརྩམས་ཆོས་རྩེ་གྲ་དེ་བས་མང་པོ་གསར་རྩོམ་ཧུར་ཐག་བྱེད་པ། རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།